| | e-texts navigator
|
37b1 པར་རོ་གཅིག་པས། ། ཚོགས་གཉིས་བྲལ་ཕྱིར་རུ་ཞེས་བརྗོད།། བདེ་བ་ཙམ་ལ་མི་གནས་ཕྱིར།། ཀ་ཞེས་ངེས་པར་བརྗོད་པ་ཡིན།། སེམས་ཉིད་རང་རིག་སྟོང་པར་གནས།། སྟོབས་སོགས
37b2 ཕུན་སུམ་ཚོགས་པས་ན། ། རང་བཞིན་ལྷན་ཅིག་སྐྱེས་པ་དང་།། གཟུགས་སྐུའི་རྒྱུ་རྐྱེན་ལ་སོགས་ལྡན།། ཤྲཱི་ཞེས་བྱ་བར་མངོན་པར་བརྗོད།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།
37b3 དངོས་པོ་རོ་མཉམ་མཐའ་ཡས་པའི།། སེམས་ཀྱི་དེ་ཉིད་ལ་གནས་པའོ།། བེཞི་པའི་དཔལ་ལྡན་ཧེ་རུ་ཀ། བདུད་རྣམས་ཀུན་ལ་མཐོ་འཚམ་ཞིང་།། ལྷན་ཅིག་སྐྱེས་པའི་དུར་ཁྲོད་རོལ།
37b4 མི་གནས་གསལ་བའི་རང་བཞིན་མེད།། མེ་ལོང་བཞིན་འདྲ་ཆུ་ཟླ་བཞིན།། མཁས་པས་འབད་དེ་འཁྲུལ་པ་སྤང་།། དེ་ལྟར་དོན་ནི་མ་རྟོགས་པར།། ཁ་ཅིག་སྐུ་མདོག་ཕྱག་མཚན་ལ།
37b5 ཧེང་ཀ་ཡི་རྣམ་པར་རྟོག། ཁ་ཅིག་གཟུགས་བརྙན་རྣམ་པར་རྟོག། ཁ་ཅིག་རང་གི་ངོ་བོར་འདོད།། དེ་བཞིན་རྩཝ་དང་རླུང་འདོད་སོགས།། དེ་བཞིན་རང་རིག་ཧེ་རུ་ཀ། བླ་མ་མ་བསྟེན་བརྩོན
37b6 འགྲུས་མེད། ། རིགས་དང་རིགས་པའི་ང་རྒྱལ་ཅན།། ཁེ་དང་གྲགས་པ་རྙེད་ལ་དགའ།། རྒྱུ་དེས་ལོག་རྟོག་སྣ་ཚོགས་བསྐྱེད།། དེ་བས་ཧེ་རུ་ཀར་གྲགས་པ།། དངོས་གྲུབ་འདོད་པའི་རྣལ
37b7 འབྱོར་པས། ། ངང་དང་གུས་བཅས་ཕ་རོལ་ཕྱིན།། རྫོགས་བྱས་བླ་མ་དམ་པ་ལས།། མན་ངག་ཡང་དག་བླང་བར་བྱ།། མ་མོའི་ཚོགས་ཀྱིས་ཡང་ཞུས་པ།། ཧེ་རུ་ཀ་དཔལ་དེ་ལྟར་ན།
iiif viewer powered by OpenSeadragon
37a - 38a