e-texts navigator
Collection
Volume
Page
Wylie

37a1 ཕག་མོ་དང་། ། དམིགས་དང་ལྟ་སྤྱོད་གང་ལ་ཡང་།། མི་གནས་ཕྱིར་ན་ཀ་ཞེས་བརྗོད།། བསྐྱེད་པའི་གཟུང་འཛིན་གཉིས་མེད་མའོ།། ཕྱིར་ན་ཤྲཱི་ཞེས་གསུངས་པ་སྟེ།།
37a2 རྒྱུ་རྣམས་ལམ་ལ་སོགས་དང་ལྡན།། རླུང་སོགས་ཐབས་དང་ཤེས་རབ་ཚུལ།། རླུང་སོགས་སྒྱུ་མའི་ངོ་བོར་གནས།། རྩ་རླུང་རང་བཞིན་གནས་ལ་སོགས།། ནང་གི་རྒྱུ་དང་རྐྱེན་སོགས
37a3 ལྡན་ནང་གི་དཔལ་ལྡན་ཧེ་རུ་ཀ། དེ་ནས་ཤེས་རབ་ཧེ་རུ་ཀ། རླུང་སོགས་རང་བཞིན་གནས་པ་ཡི།། རྒྱུ་སྤངས་ཕྱིར་ན་ཧེ་ཞེས་བརྗོད།། རླུང་སོགས་ལམ་ལ་བརྟེན་པ་ཡི།། ཚོགས་དང
37a4 བྲལ་ཕྱིར་རུ་ཞེས་བརྗོད། ། རླུང་དང་རྩ་དང་ཐིག་ལེ་དང་།། ཙཎྜ་ལི་ཡི་ཁ་དོག་དང་།། དབྱིབས་ལ་མི་གནས་ཕྱིར་ན་ཀ། སེམས་ཉིད་བདེ་བར་གནས་པ་ཡིས།། ནང་གི་ཐབས་དང་ཤེས་རབ་མེད།།
37a5 དེ་ཡི་ཕྱིར་ན་ཤྲཱི་རུ་གསུངས།། མིག་སེར་ནད་ཀྱིས་བཏབ་པ་ལྷུར།། རང་སེམས་བདེ་བར་གནས་པས་སོ།། སེམས་ཉིད་བདེ་བར་གནས་པ་དང་།། བདེ་བ་ལ་བརྟེན་ཚོགས་དང་ལྡན།།
37a6 ལྷན་ཅིག་སྐྱེས་པའི་རྒྱུ་རྐྱེན་ལྡན།། སེམས་དང་བདེ་བ་ཐ་དད་མེད།། སེམས་དང་བདེ་བར་གང་གནས་པ།། མཆོག་དང་ཆད་པའི་དབུས་གནས་པ།། གསང་བའི་དཔལ་ལྡན་ཧེ་རུ་ཀ
37a7 དེ་ནས་བཞི་པའི་ཧེ་རུ་ཀ། རང་རིག་སྟོང་པར་གནས་པའི་ཚེ།། ལྷན་ཅིག་སྐྱེས་པའི་རྒྱུ་རྐྱེན་བྲལ།། དེ་ཡི་ཕྱིར་ན་ཧེ་ཞེས་བརྗོད།། ཕ་རོལ་ཕྱིན་དྲུག་བདེ་བའི་ལམ།། ཐམས་ཅད་སྟོང




iiif viewer powered by OpenSeadragon

36b - 37b

Texts on this page

S369 - dpal me'i phreng ba'i rgyud kyi rgyal po