| | e-texts navigator
|
22a1 དམ་པ་སྟེར་བ་དང་། ། རྔ་མཆོག་སྲེས་ཕྱིར་ཛྙཱན་སྲེག་སྟེ།། ཤིང་སོགས་སྲེག་པ་སྦྱིན་སྲེག་མིན།། མཉེས་པའི་དོན་གྱིས་མཆོད་པ་སྟེ།། སྒྲོས་སོགས་ཕུལ
22a2 མཉེས་པ་མེད། ། རང་སེམས་ལས་སུ་རུང་བ་དག། མཉེས་པས་མཆོད་པ་ཆེན་པོ་སྟེ།། གདོན་དང་གནོང་པོ་ཞི་བ་དང་།། བར་ཆོད་ཞི་དང་དངོས་གྲུབ་དག། འབྱུང་བའི་ཕྱིར་ན་གཏོར་མ་སྟེ།
22a3 འབྲས་སོགས་ཕྱི་ཡི་གཏོར་མ་ཡིས།། གདོན་སོགས་ཞི་བར་མི་འགྱུར་ཏེ།། རང་གི་སྒོ་གསུམ་རྣམ་རྟོག་དག། གདོན་ལ་སོགས་པར་སྣང་བ་སྟེ།། འཁྲུལ་པའི་རྣམ་རྟོག་མ་སྤངས་པར
22a4 གདོན་སོགས་ཞི་བར་མི་འགྱུར་ཕྱིར། ། སྒོ་གསུམ་རྣམ་རྟོག་འཇོམས་པ་ཡིས།། སེམས་ཀྱི་གཏོར་མ་གཏོར་མའི་མཆོག། གདོན་དང་གནོད་པ་ཞི་བ་དང་།། དམ་ཚིག་གསོ་དང་ལྷ་རྣམ་འགོ།
22a5 དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར།། ཕྱི་ནང་གཏོར་མའི་ངེས་པའོ།། རྒྱུད་རྣམས་ཉེ་བར་ཞི་བ་དང་།། ལུས་ལས་འབྱུང་ཕྱིར་ལྷ་ཡིན་ཏེ།། ཕྱི་ཡི་དཀྱིལ་འཁོར་ལྷ་མ་ཡིན།།
22a6 ལུས་དང་ཡན་ལག་ལྷ་མ་ཡིན།། ཁ་མིག་ལ་སོགས་ལྷ་མ་ཡིན།། ལུས་ལས་མ་བྱུང་གཡེང་བའི་ཕྱིར།། དབང་པོ་སྒོ་གསུམ་ག་ལོང་བ་དག། རང་གི་ལུས་ལ་རང་ལུས་འབྱུང་།།
22a7 གསུམ་ཞི་ཕྱིར་ལྷ་ཞེས་བརྗོད།། ཡིད་སྐྱོབ་ཕྱིར་ན་སྔགས་ཡིན་ཏེ།། རང་སེམས་ལས་སུ་རུང་བ་དང་།། རྣམ་རྟོག་གདོན་རྣམས་ལས་སྐྱོབ་ཕྱིར།། འདི་ནི་སྔགས་ཀྱི་རྒྱལ་པོར་གསུངས།
iiif viewer powered by OpenSeadragon
21b - 22b