| | e-texts navigator
|
21b1 གཟར་ལ་སོགས་པ། ། བླ་མའི་ནལ་ནས་ཤེས་པར་བྱ།། དེ་ནས་གསང་བའི་སྦྱིན་སྲེག་ཀྱང་།། ཐག་ཁུང་སྡེ་བའམ་ས་རྩེ་སྟེ།། ཆགས་གྲོལ་གནས་ནི་ངེས་པ་དང་།། རང་བཞིན་དང་ནི་གསང
21b2 བ་ཡི། ། གཏུམ་མོ་ཡེ་ཤེས་མེ་སྦར་ཏེ།། གཡས་གཡོན་དགང་གཟར་བླུགས་གཟར་གྱིས།། ཤུ་ཀྲ་རྩ་དང་རླུང་སོགས་ཀྱི།། ཕྲ་མོའི་རྟོག་པའི་བསྲེག་རྫས་བསྲེག། བདེ་བའི་མེ་ལྷ
21b3 མཆོད་པར་བྱ། ། ཞི་རྒྱས་ལས་ཀྱི་རིམ་པ་དང་།། བཞི་པ་ཞལ་ནས་ཤེས་པར་བྱ།། དེ་ནས་སྔགས་ཀྱི་དབྱེ་བ་ཡང་།། ཕྱི་ཡི་སྔགས་ནི་ཨོཾ་ཨཱཿཧཱུཾ།། ནང་དུ་བདུད་རྩི་མཚན་ཉིད་དེ།། གསང
21b4 བར་མཆོག་ཆད་དབུས་ན་གནས། ། མཐར་ཐུག་མཐའ་བྲལ་རང་རིག་གོ།། སྤོས་སོགས་ཕྱི་ཡི་མཆོད་པ་སྟེ།། བདུད་རྩི་ལ་སོགས་ནང་དུའོ།། གསང་བར་བདེ་བའི་རོ་ཡིས་མཆོད།། མཐར
21b5 ཐུག་སྟོང་པའི་རོ་ཡིས་མཆོད། ། འབྲས་སོགས་ཕྱི་ཡི་གཏོར་མ་སྟེ།། དམན་པའི་བགེགས་སོགས་ཞི་བར་བྱེད།། ཨ་བ་དྷཱུ་ཏཱིའི་ཀ་པཱ་ལར།། ཤ་སོགས་བདུད་རྩིའི་རང་བཞིན་གནས།། རྣམ
21b6 རྟོག་བགེགས་ཆེན་ཞི་བར་བྱེད། ། བདེ་བ་ཆེན་པོའི་བདུད་རྩིའི་རོས།། ཕྲ་བའི་གདོན་ཆེན་ཞི་བྱས་པ།། འདི་ནི་གསང་བའི་གཏོར་མར་གསུངས།། རང་རིག་སྟོང་པའི་བདུད་རྩིའི་རོས།།
21b7 བདེ་ཆེན་དོན་ནི་ཞི་བྱས་པ། འདི་ནི་བཞི་པའི་གཏོར་མར་ངེས།། ཕྱག་འཚལ་སྐོར་བ་ལ་སོགས་པ།། སྦྱང་སོགས་བླ་མའི་ཞལ་ནས་ཤེས།། གང་གི་ཕྱིར་ན་སྦྱིན་སྲེག་ནི།། དངོས་གྲུབ
iiif viewer powered by OpenSeadragon
21a - 22a