e-texts navigator
Collection
Volume
Page
Wylie

110a1 ནི་རྡུལ་ཚོན་ལྗང་ཀུ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་སོ།། དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་དཀྱིལ་འཁོར་ཁྲུ་གསུམ་པ་བྱ་སྟེ། དེའི་དབུས་སུ་མཐའ
110a2 ཡས་མནན་པའི་ཀྱེའི་རྡོ་རྗེ་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞིས་ཆེ་བ། འཇིགས་པའང་འཇིགས་པར་མཛད་པ་བྲིའོ།། དེ་ནས་སློབ་དཔོན་གྱི་ནང་གི་མ
110a3 ། རུངས་པའི་སེམས་ཀྱིས་དབེན་པའི་གནས་སུ་སྔགས་བཟླ་སྟེ། ཨོཾ་གྷུ་རུ་གྷུ་རུ། བྷུ་ཊྱ་གྷུ་ཌུ། མ་ས་མ་ས། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟཀྵོ་བྷ་ཀ་རཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀཾ་སཔྟ་པཱ
110a4 ཏཱ་ལ་ག་ཏཱ་ན་ནཱ་གཱ་ནཱ་ཀཪྵ་ཡ་བཪྵ་ཡ། གརྫྫ་ཡ་ཏརྫྫ་ཡ། ཕུཿཕུཿཕུཿཕུཿཕུཿཔུཿཕུཿཕུཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྔགས་འདི་བཟློག་ལ་བཟླ་སྟེ་ཆར་འབབ་བོ།། གལ་ཏེ་མི
110a5 འབབ་ན་དེའི་ཚེ་མགོ་ཨརྫ་ཀའི་དོག་པ་ལྟར་འགས་སོ། ། ཆར་དབབ་པ་ཞེས་བྱ་བའི་ཆོ་གའོ།། སྤྲིན་དྲལ་བ་བཤད་དེ། དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་སྔགས་བཟླས་ཤིང་དྲལ་ཏེ། ཨོཾ་ཨཱཪྠ
110a6 ། ཡཤྨ་ཤཱ་ན་པྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྲིན་དྲལ་བའི་ཆོ་གའོ།། ཕ་རོལ་གྱི་སྡེ་རྣམ་པར་གཞིག་པར་བྱ་བའི་ཕྱིར་ཁ་ཊི་ཀའི་སྒྲུབ་པ་བཤད་དེ། ཁ་ཊི་ཀ་དང་། བདུད་རྩི་ལྔ་དང་། ཀུཥྐ་ར་ཙྪི་ནྡ་དང་ལྡན།
110a7 ཅིག་བཏགས་ལ་རིལ་བུ་བྱ་སྟེ། སྔགས་ནི་ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དངོས་གྲུབ་ཀྱི་དོན་དུ་བྱེ་བ་བཟླས་ཤིང་སྔོན་དུ་བསྙེན་པ་འབུམ་བྱས་ཏེ། དེ་བསྒྲུབས་ལ་རིལ་བ་སྤྱི་བླུགས་ཀྱི




iiif viewer powered by OpenSeadragon

109b - 110b

Texts on this page

S379 - kye'i rdo rje zhes bya ba rgyud kyi rgyal po