e-texts navigator
Collection
Volume
Page
Wylie

109a1 པའི་བདེན་པ་བཞི་ནི། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ།། དེ་ཁོ་ན་ཉིད་བཞི་ནི། བདག་གི་དེ་ཁོ་ན་དང་། སྔགས་ཀྱི་དེ་ཁོ་ན་དང་། ལྷའི་ང
109a2 ཁོ་ན་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ།། དགའ་བ་བཞི་ནི། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ།། སྡེ་པ་བཞི་ནི། གནས་བརྟན་པ་དང་།
109a3 ཐམས་ཅད་ཡོད་པར་སྨྲ་བ་དང་། ཀུན་གྱིས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ།། ཟླ་བ་དང་། ཉི་མ་དང་། ཨཱ་ལི་དང་། ཀཱ་ལི་དང་། འཕོ་བ་བཅུ་དྲུག་དང་། དབྱུག་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད
109a4 སུམ་ཅུ་རྩ་གཉིས་དང་། ཐུན་ཚོད་བཞི་སྟེ། དེ་ལྟར་ཐམས་ཅད་བཞིའོ།། ལྟེ་བར་གཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་ཡང་བསྲེགས་ཏེ།། བསྲེགས
109a5 པས་རི་བོང་ཅན་ཧཾ་འཛག། རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ།། ། སྔགས་ཀྱི་ལེའུ་བཤད་པར་བྱའོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ། ཨཱ་དྱ་ནུཏ་པནྡྷཏཱ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། འབྱུང
109a6 པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། ། ཛྲ་ཨོཾ་ཧྲཱི་ཁཾ་ཧཱུཾ། དེ་བཞིན་གཤེགས་པ་རྣམས་ཀྱིས་བོན་ནོ།། ཨོཾ་དེ་བ་བི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཀྱེ་རྡོ་རྗེའི་སྙིང་པོའོ།། སྔགས་ཐམས་ཅད་ཀྱི་རྐང་པར་དྲ
109a7 བོར་ཨོཾ་གྱི་རྣམ་པ་དང་། མཐར་ནི་སྭཱ་ཧཱ་དང་། ཧཱུཾ་ལཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ།། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་དཀྲུག་པའི་སྔགས་སོ།། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལ་ལོ།།




iiif viewer powered by OpenSeadragon

108b - 109b

Texts on this page

S379 - kye'i rdo rje zhes bya ba rgyud kyi rgyal po