e-texts navigator
Collection
Volume
Page
Wylie

108b1 ཚ་བ་མ་དང་། བརྐྱང་མ་དང་། ཀུན་འདར་མ་དང་། རོ་མ་དང་། གཞོལ་མ་དང་། རེངས་མ་དང་། ཤིན་ཏུ་གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ
108b2 མ་དང་། གྲུབ་མ་དང་། འཚེད་མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་། སུམ་བསྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་བྲལ་མའོ།། རྡོ་རྗེ་སྙིང་པོས་གསོལ་པ།
108b3 བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི།། གཟུང་དང་འཛིན་པ་རྣམ་པར་སྤངས།།
108b4 ཡང་ན་ཐབས་ནི་ཐམས་ཅད་ཀྱིས།། དངོས་པོའི་མཚན་ཉིད་དུ་ནི་བརྟག། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཨཱ་ལི་ཀཱ་ལི་ནི་ཟླ་བ་དང་། ཉི་མ་དང་། ཤེས་རབ་དང་། ཐབས་སོ།། ཆོས་དང་། ལོངས
108b5 སྤྱོད་རྫོགས་པ་དང་། སྤྲུལ་པ་ནི་སྐུ་དང་། གསུང་དང་། ཐུགས་སོ།། ཨེ་བཾ་མ་ཡ་ནི། ཨེ་ཡི་རྣམ་པ་ལྷ་མོ་སྤྱན།། པགི་རྣམ་པ་དག་མར་བརྗོད། མ་ནི་ལྷ་མོ་གོས་དཀར་མོ།། ཡ་ཡི་རྣམ་པ་སྒྲོལ་མར་བརྗོད།། སྤྲུལ་པའི་འཇོ
108b6 ལོ་ལ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་འདབ་མ་བཅུ་དྲུག་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་འདབ་མ་སུམ་ཅུ་རྩ་གཉིས
108b7 སོ། འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པ། སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ།། འཕགས




iiif viewer powered by OpenSeadragon

108a - 109a

Texts on this page

S379 - kye'i rdo rje zhes bya ba rgyud kyi rgyal po