| | e-texts navigator
|
102a1 དམ་བསྐང་། ། དེ་ཡི་ཁྲག་དང་ཆུ་སེར་གྱིས།། མ་མོ་བྱེ་བའི་ཐུགས་དམ་བསྐང་།། དེ་ཡི་ཆུ་རྒྱུས་རུས་པ་རྐང་།། ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་།། མཁའ་འགྲོ་ལྔ་དང་ལྷ
102a2 མོ་བརྒྱད། ། དེ་ཡི་འཕྲིན་ལས་མགོན་པོ་དང་།། ཤ་ཟ་འཁོར་དང་བཅས་ལ་དབུལ།། ཕུང་པོ་བསྒྲལ་བའི་ཚོགས་ཀྱིས་མཆོད།། རྣམ་ཤེས་བསྒྲལ་བ་ཡེ་ཤེས་བསྒྱུར།། མི་བསྐྱོད་པ་ཡི་ཞིང་ཁམས
102a3 སུ། ། རྒྱལ་བའི་སྲས་སུ་སྐྱེད་པ་ཡིན།། རྣལ་འབྱོར་འཆི་བ་སླུ་བ་དང་།། བར་ཆད་ཐམས་ཅད་ཟློག་པར་བྱེད།། མ་རུངས་བསྟན་ལ་སྡང་ཞིང་འཚེ།། སྒྲུབ་ལ་གནོད་ན་ལས་འདི་བྱ།། གཞན་དུ་བྱས་ན
102a4 རླག་པར་འགྱུར། ། དེ་ཡི་ཤ་ལ་སྦྱིན་སྲེག་བྱ།། ཚིལ་ནི་ཞུན་ཆེན་མར་མེ་བྱ།། ཀླང་རྒྱས་ཐོད་པའི་རྔ་ལྤགས་བྱ།། པགས་པ་ཚོགས་ཀྱི་གདན་དུ་བྱ།། བསྲེགས་པའི་རུས་པ་ཚ་ཚ་བྱ།། འདི་ནི་མམོ
102a5 པོ་འཁོར་བཅས་ཚོགས། ། མཉེས་པར་གྱུར་ཅིང་ཐུགས་དམ་བསྐང་།། གཞན་ཡང་ཕྲན་ཚེགས་ལས་ཀྱི་གསང་བ་རབ་ཏུ་བཤད་པར་བྱའོ།། དཀྱིལ་འཁོར་བའི་ལྷའི་འཕྲིན་ལས་ཀྱི
102a6 རྣལ་འབྱོར་དང་རབ་ཏུ་ལྡན་པས་ཞི་བའི་ལས་སྒྲུབ་པ་ལ་ནི། བིལ་བ་ལ་སོགས་པ་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱའོ།། འབྲས་ལྡན་གྱི་ཤིང་གང་ལས་རྒྱས་པའི་ལས་སྒྲུབ་ན་སྟོང་ཕྲག་གིས་བྱའོ།།
102a7 ཁཱ་ཌི་རའི་ཤིང་དང་དམར་བའི་ཤིང་གིས་ནི་དབང་གིས་སྒྲུབ་ན་ཁྲི་ཕྲག་གིས་བྱའོ།། ཤིན་ཏུ་རྩུབ་པའི་ཚེར་མ་དང་ལྡན་པའི་ཤིང་དག་གིས་ནི་མངོན་སྤྱོད་ལ་འབུམ་ཕྲག་གིས་བྱ་བར་ཤིས་སོ།། བསྐྲད་པ་ལ
iiif viewer powered by OpenSeadragon
101b - 102b