| | e-texts navigator
|
489b1 བསལ་བར་བསམ། ། ཆོ་ག་ཡོངས་སུ་རྫོགས་བྱ་སྟེ།། བཟོ་བྱས་སྣོད་ནི་ཁ་དོག་སྒྱུར།། ལེགས་པར་སྤང་སྟེ་སྤྱི་བོ་འམ།། མགྲིན་པ་དེ་བཞིན་དཔུང་པ་ཡི།། ཚངས་པའི་བུ་གར་ལོངས་སྤྱོད་མཉམ།། སོར་བཞི་དག་ཏུ་བཅིང
489b2 པར་བྱ། ། གཞན་ཡང་ནད་པའམ་རྣལ་འབྱོར་པ།། དག་ལ་སྲུང་ན་དང་པོ་ཡང་།། གདོན་བསལ་བསངས་ཏེ་གནས་གསུམ་དུ།། ཐིག་ལེ་གསུམ་བྱས་སྔགས་གསུམ་དགོད།། གཞན་ཡང་གནས་ནི་སུམ་ཅུ་བདུན།།
489b3 ཐིག་ལེ་བྱས་ཏེ་སྔགས་རྣམས་དགོད།། དེ་ནས་གོ་ཆ་མཚོན་ཆ་ཡང་།། ཚུལ་བཞིན་མཐུན་པར་ཤེས་པར་བྱ།། དེ་ནས་སྙན་ནམ་མལ་ཆ་ལ།། ཨོཾ་ཨཱཿབཛྲ་རཀྵ་རཀྵ་ཧཱུཾ་ཕཊ། བསྒོམ་མམ་གཞན་ལའང་བྲི་བར་བྱ།།
489b4 གཞན་ཡང་ལག་པ་གཡས་པ་ཡི།། མཐིལ་དུ་གུར་ཀུམ་དག་སྦྱར་ཏེ།། གཡོན་གྱི་སྦོམ་པོ་ཁྲོ་མོ་ཡིས།། སྤྱི་བོ་དཔྲལ་བ་རྣ་བ་མིག། སྣ་དང་ཁ་དང་མགྲིན་པ་དང་།། དཔུང་པ་སྙིང་ཀ་ལྟེ་བ་དང་།། འོག་གི་སྣོད
489b5 གཉིས་ཡན་ལག་ལ། ། སྔགས་དང་བཅས་ནས་ལེགས་པར་འཚོ།། གཞན་ཡང་སྐུད་པ་སྣ་ལྔ་ལ།། སྔགས་དང་བཅས་ན་སྲུང་བར་འགྱུར།། དཔལ་སྟོབས་པོ་ཆེའི་རྒྱུད་ལས། སྲུང་བའི་འཁོར་ལོའི་ལེའུ་སྟེ
489b6 གསུམ་པའོ། ། ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། དེ་ཉིད་ལ་ནི་ཕྱག་འཚལ་ཏེ།། རྡོ་རྗེ་སྙིང་པོས་ཡང་ཞུས་པ།། སྲུང་བའི་འཁོར་ལོ་དེ་ལྟར་ནི།། ཡེ་ཤེས་བྱེ་བྲག་ཇི་ལྟར་ལགས།
489b7 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡེ་ཤེས་ཀྱི་ནི་དེ་ཉིད་ཀྱི།། རྟོག་པ་རབ་ཏུ་བཤད་པར་བྱ།། དེ་ལ་ཡེ་ཤེས་ཀྱི་ནི་གནས།། རྣམ་པ་ལྔ་རུ་ཤེས་བྱ་སྟེ།། ཕྱི་དང་ནང་དང་གསང་བ་དང་།། རབ་ཏུ་གསང
iiif viewer powered by OpenSeadragon
489a - 490a