e-texts navigator
Collection
Volume
Page
Wylie

304a1 པ། ད་ལྟར་ལྷ་རུ་འགྱུར་བ་ཡིན།། གང་གིས་བརྟན་དང་གཡོ་ཁྱབ་པ།། དེས་ནི་དེ་ཚེ་རང་གིས་ནུས།། ནམ་མཁའ་ལྟ་བུར་མཉམ་ཉིད་ནི།། དེ་ཡི་ཁ་དོག་ཤེས་པར་བྱ།། མྱ་ངན
304a2 འདས་གནས་དཔའ་བོ་ནི། ། གོས་པ་མེད་ཅིང་དྲི་མ་སྤངས།། མ་དང་སྲིང་མོ་ཉིད་དང་ཡང་།། བུ་མོ་དེ་བཞིན་གཉེན་མོ་དང་།། བྲམ་ཟེ་མོ་དང་རྒྱལ་རིགས་དང་།། རྗེའུ་མོ་དེ་བཞིན་དམངས་མོ་དང
304a3 གར་མ་ཆོས་མ་གཡུང་མོ་དང་། ། དེ་བཞིན་དུ་ནི་གདོལ་པ་མོ།། ཐབས་དང་ཤེས་རབ་ཆོ་ག་ཡིས།། དེ་ཉིད་སྡུག་པས་མཆོད་པར་བྱ།། ཇི་ལྟར་བྱེ་བར་མི་འགྱུར་བར།། རབ་ཏུ་འབད་པས་སྟེན་པར་བྱ།
304a4 མ་གསང་སྦྲུལ་དང་ཆོམ་རྐུན་སོགས།། ས་ལ་སྤྱོད་པ་སྡུག་བསྔལ་བྱེད།། རིགས་ཀྱི་དབྱེ་བས་ཕྱེ་ནས་ནི།། ཕྱག་རྒྱ་རྣམ་པ་ལྔར་ནི་གསུངས།། བྲམ་ཟེ་སྐྱེ་གཉིས་རིགས་སྐྱེས་མ།། དེ་བཞིན་གཤེ།།
304a5 པ་ཉིད་དུ་གསུངས།། རྒྱལ་རིགས་མ་ནི་རྒྱལ་པོའི་རུས།། རྨ་བྱ་ཟླ་སོགས་རིགས་ལས་སྐྱེས།། རྡོ་རྗེ་བདུད་རྩི་ཞེས་བྱར་གྲགས།། རྗེའུ་མོ་བ་གླང་སྐྱོང་བ་སྟེ།། ལས་ཀྱི་རིགས་ལས་སྐྱེས་པར
304a6 གསུངས། ། དམངས་མོ་ཡང་ནི་ཟན་མོ་སྟེ།། རྣམ་པར་སྣང་མཛད་ཆེན་པོར་གསུངས།། གར་མ་པདྨའི་རིགས་ཉིད་དེ།། ཆོས་མ་དེ་བཞིན་ལས་ཀྱི་རིགས།། གཡུང་མོ་རྡོ་རྗེའི་རིགས་སུ་བཤད།།
304a7 རིན་ཆེན་གདོལ་པ་མོར་ཤེས་བྱ།། ཕྱག་རྒྱ་ལྔར་ནི་རྣམ་པར་ངེས།། འདི་རྣམས་དེ་བཞིན་གཤེགས་པའི་རིགས།། མདོར་བསྡུས་པས་ནི་བརྗོད་པར་བྱ།། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང




iiif viewer powered by OpenSeadragon

303b - 304b

Texts on this page

S344 - yang dag par sbyor ba zhes bya ba'i rgyud chen po