| | e-texts navigator
|
300b1 ། འབྱོར་མ་མཆོག་རྣམས།། ཐོད་པ་ཁ་ཊྭཱཾ་ག་དག་དང་།། དྲིལ་བུ་ཅང་ཏེའུ་མཆོག་རྣམས་འཛིན།། སྣ་ཚོགས་རོལ་མོ་བཟང་པོ་དང་།། བཟའ་བའི་ལོངས་སྤྱོད་རོ་མཆོག་དང་།། སྣ་ཚོགས་པོ་དང་འཁྱུད་བ་དང་།། །
300b2 བཅའ་བ་བལྡག་པའི་མཆོག་རྣམས་ཀྱིས།། རྣམ་པ་དེ་ལྟར་དུར་ཁྲོད་ནི།། གནོད་སྦྱིན་རོ་ལངས་སྲིན་པོ་དང་།། ཧེ་རུ་ཀ་ཡི་ང་རྒྱལ་གྱིས།། དེ་ལ་གཏོར་མ་སྦྱིན་པར་བྱ།། ཅང་ཏེའུ་རྡོ་རྗེ་དྲིལ་བུ་དང་།། གར་དང་རོལ་མོ
300b3 བྱེད་པ་དང་། ། ཕྱོགས་ཀྱི་གོས་ཅན་ཕྱག་རྒྱར་ལྡན།། ཧཱུཾ་ཧཱུཾ་ཕཊ་ཀི་ལི་ཀི་ལི་བྱ།། གཡས་བརྐྱང་བ་ཡི་སྦྱོར་བ་ཡིས།། འབར་བའི་ཕྱག་རྒྱ་བཅིང་བར་བྱ།། དམ་ཚིག་ཁ་རུ་བཅུག་ནས་ནི།། སྔགས་འདི་རྗེས་སུ་དྲན་པར
300b4 བྱ། ཨོཾ་ཨ། ཨ་ར་ལི་སོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་ཌི་ཤྱ་ཧོ། དེ་སྐད་གསུམ་མམ་བཞི་དང་སྔར་བརྗོད་པར་བྱའོ།། གཡས་སྐོར་དང་གཡོན་སྐོར་གྱིས་ཀྱང་ཐོད་པའི་ནང་གི་སྦྱིན་པར་བྱ་བ་རྣམས། རྡོཿ
300b5 ཐལ་མོ་ཁ་གྱེན་དུ་ཕྱེ་ལ། སྔགས་འདི་བརྗོད་དོ།། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་རཀྵ་ཡཀྵ་སརྦ་བྷུད་ཏ་པྲེ་ཏ་པི་ཤ་ཙེ་ཨུད་མ་ཏ་ཨ་པ་སྨ་ར། ཌཱ་ཀི་ནཱི་ཨ་ཌ་ཡ་ཨི་མཾ་བྷ་ལི་གྲི་ཧན་དུ་མ་མ་སརྦ་ས་ཏེ་དྷི། ད་ངན་ཏ་ཡ་ཤ
300b6 བཾ་ཡ་ཐཾ་ཤྲཱི་བུན་ཛ་ཐི་པི་པ་ཐ་ཛི་གྷ་ཐ་མ་ཏི་ཀྲ་མ་ཏ། མ་མ་སརྦ་ཀཱ་ར་སད་སུ་ཁ་བི་ཤུདྡྷ་ཡེ་སཱ་ཧ་ཡ་ཀ་བ་བྷ་ན་དུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལྟར་ཚེ་ག་དང་ཆོ་གས་ཐུན་མཚམས་བཞིར་སྦྱིན་པར་བྱའོ།། དེ་ནས་བཅོམ་ལྡན
300b7 འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བའི་ཡང་གསང་ཆེན་པོ་འདི་གསུངས་པ། དངོས་པོ་མེད་པའི་ཆོས་བདག་ཉིད།། ནམ་མཁའ་ལྟ་བུར་དྲི་མ་མེད།། སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས།
iiif viewer powered by OpenSeadragon
300a - 301a