| | e-texts navigator
|
300a1 སྣང་བ་མེད་པའི་གནས་ལ་ནས།། སྣང་བ་མེད་པ་ཡང་དག་རྟེན།། དཔྱོད་པ་མེད་པའི་ཆོས་རྣམས་ལ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། རྟེན་འབྲེལ་མཁའ་དང་མཉམ་པའི་ཆོས།།
300a2 དངོས་མེད་མཚན་མ་མེད་པའོ།། འདི་ཉིད་གོང་ཉིད་གོ་འཕང་གནས།། ཡེ་ཤེས་དག་གི་མིག་གིས་མཐོང་།། ཕྲ་རབ་རྡུལ་ཕྲན་དང་མཉམ་པ།། འཁོར་ལོའི་གནས་མཐོང་ཤིན་ཏུ་ངེས།། སྐྲ་རྩེ་སྟོང་ཕྲག
300a3 བརྒྱ་ཡི་ནི། ། ཆ་དང་ཆ་རུ་ཡོངས་སུ་བརྟག། ཧེ་རུ་ཀ་དང་མཉམ་སྦྱོར་མ།། ལྷན་ཅིག་བྷ་གའི་དབུས་གནས་མཐོང་།། འཁོར་ལོ་སྒྱུར་བ་རབ་བརྩོན་པས།། ཁྭ་གདོང་མ་ནི་ཕྱི་རོལ་དགོད།། ཧེ་རུ་ཀ་སོགས
300a4 བདག་པོ་ཁྱོད། ། མཁའ་འགྲོ་བཞི་ཡིས་ཡོངས་སུ་བསྐོར།། ཕན་ཚུན་དུ་ནི་བདག་པོ་བྱེད།། རྡོ་རྗེ་སེམས་སོགས་སྦྱོར་བར་ལྡན།། ཕྱི་རོལ་དུར་ཁྲོད་བདག་པོ་དང་།། ཁ་དོག་སྣ་ཚོགས་མཆོག་གི་མཆོག
300a5 ཤིང་མཆོག་སྣ་ཚོགས་མཛེས་པ་དང་། ། ཁྱི་དང་ལྕེ་སྤྱང་འཇིགས་པ་དང་།། ཁྭ་དང་འུག་པ་བྱ་དཀར་དགོད།། ལྕེ་སྤྱང་དེ་བཞིན་རོ་བསྲེག་པ།། ཀེང་རུས་གསལ་ཤིང་གིས་ཕུག་པ།། འགེགས་ནས་བཕྱང་དང
300a6 ཕྱེར་བསྲེགས་དང་། ། ཐོད་པ་སྐམ་པོ་པུས་མོ་དང་།། མགོ་མེད་ལག་བཟོད་པ་དཀར།། རྣམ་པ་སྣ་ཚོགས་སྦྲུལ་གྱིས་མཛེས།། དྲག་པོའི་སྦྲུལ་དང་དེ་བཞིན་རྔ།། སེང་གེ་ཕག་དང་སྟག་དང་ནི།། དེ་བཞིན་རང
300a7 ལུག་དག་དང་། ། གླང་པོ་རྟ་དང་བོང་བུ་ཝ།། རྔ་མོ་སྣ་ཚོགས་དམ་ཚིག་མཆོག། རྣམ་པ་སྣ་ཚོགས་ཆང་དང་ནི།། འབྲུ་ཆང་བཏུང་བའི་མཆོག་རྣམས་ཀྱིས།། དཔའ་བོ་བཟང་པོ་འདུས་པ་དང་།། སྣ་ཚོགས་རྣལ
iiif viewer powered by OpenSeadragon
299b - 300b