e-texts navigator
Collection
Volume
Page
Wylie

299b1 ། ནི་ལྗང་ལྷ་མོའོ།། ཤེས་རབ་ཀྱི་སྟོབས་ནི་ཤིན་ཏུ་བཟང་མོའོ།། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་རྣ་མའོ།། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་བྱ་གདོང་མའོ།། དགའ་བ་ཡང་དག་བྱང་།
299b2 ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་ཤུགས་ཅན་མའོ།། ཤིན་ཏུ་སྤངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དུམ་སྐྱེས་མའོ།། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཆང་འཚོང་མའོ།། དྲན་པ་ཡང
299b3 དངག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོའི་གོ་ཆ་མའོ། ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ།། ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ།། ཡང་དག་པའི་རྟོག་པ་ནི་འཁོར་ལོས་སྒྱུར
299b4 མའོ། ། ཡང་དག་པའི་ངག་ནི་བརྩོན་འགྲུས་ཆེན་མོའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ཁཱ་ག་དོང་མའོ།། ཡང་དག་པའི་འཚོ་བ་ནི་འུག་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ།། ཡང་དག་པའི
299b5 དྲན་པ་ནི་ཕག་གདོང་མ་སྟེ། རྣམ་པར་ཐར་པའི་སྒོ་བཞིའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པར་བྱེད་པ་ནི་གཤིན་རྗེ་བརྟན་མའོ།།
299b6 དགེ་བའི་ཆོས་སྐྱེས་པ་རྣམས་རྗེས་སུ་གནས་པ་དང་སྲུང་བར་བྱེད་པ་ནི་གཤིན་རྗེ་ཕོ་ཉ་མའོ།། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པ་ནི་གཤིན་རྗེ་མཆེ་བ་མའོ།། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས
299b7 མི་སྐྱེད་པར་བྱེད་པ་ནི་གཤིན་རྗེ་བ་ཇོམས་མའོ། ། ཆོས་བདག་མེད་པའི་ལམ་གནས་སུ།། འཁོར་བ་དམ་པར་བཞུགས་པ་ནི།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། དེ་བཞིན་རྣལ་འབྱོར་པས་གནས་བྱ།།




iiif viewer powered by OpenSeadragon

299a - 300a

Texts on this page

S342 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba