| | e-texts navigator
|
299a1 བ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿཏྲཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་ཨ་བ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཛ་ཡེ་ཨུ0f7f་ད
299a2 ཟ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་ར་ཧི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ། སྔགས་འདི་ཐམས་ཅད་དུ་བྱས་ཏེ། ཨཱ་ལི་ཀཱ་ལི་རྡོ་རྗེ་ཕག་མོའི་བདག་ཉིད་ཀྱི་དངོས་པོར་བྱ་སྟེ།
299a3 རྐང་པ་བརྒྱད་པ་ཆོ་གའི་བདག་ཉིད་ཀྱིས་མཆོད་པར་བྱའོ།། བཟླས་པ་ཡོངས་སུ་རྫོགས་ནས་ནི།། ཞི་བའི་བཏུང་བ་བཏུང་བའི་མཆོག། ཆོས་རྣམས་མཉམ་ཞིང་དམ་ཚིག་མཆོག། སུམ་ཅུ་རྩ་བདུན
299a4 གནས་ཀྱི་མཆོག། དེ་འོག་རྣམ་པར་དག་པ་བསྒོམ།། ལུས་རྗེས་སུ་དྲན་པ་མཁའ་འགྲོ་མའོ།། ཚོར་བ་རྗེས་སུ་དྲན་པ་ལཱ་མའོ།། ཆོས་རྗེས་སུ་དྲན་པ་ཁཎྜ་རོ་ཧིའོ།། སེམས་རྗེས་སུ་དྲན་པ་རཱུ་བི་ནཱིའོ།།
299a5 བདུན་པ་རྫུ་འཕྲུལ་བསྐྱེད་པ་ནི་རབ་ཏུ་གཏུམ་མའོ།། བརྩོན་འགྲུས་རྫུ་འཕྲུལ་བསྐྱེད་པ་ནི་གཏུམ་པའི་མིག་ཅན་མའོ།། དཔྱོད་པའི་རྫུ་འཕྲུལ་བསྐྱེད་པ་ནི་འོད་ལྡན་མའོ།། སེམས་ཀྱི་རྫུ་འཕྲུལ་བསྐྱེད་པ
299a6 ནི་སྣ་ཆེན་མའོ། ། དད་པའི་དབང་པོ་ནི་བརྟན་པའི་བློ་ཅན་མའོ།། བརྩོན་འགྲུས་ཀྱི་དབང་པོ་ནི་མིའུ་ཐུང་མའོ།། དྲན་པའི་དབང་པོ་ནི་ལང་ཀའི་དབང་ཕྱུག་མའོ།། ཏིང་ངེ་འཛིན་གྱི་དབང་པོ་ནི་ཤིང་གྲིབ་མའོ།།
299a7 ཤེས་རབ་ཀྱི་དབང་པོ་ནི་ས་སྲུངས་མའོ།། དད་པའི་སྟོབས་ནི་འཇིགས་བྱེད་ཆེན་མོའོ།། བརྩོན་འགྲུས་ཀྱི་སྟོབས་ནི་རླུང་གི་ཤུགས་ཅན་མའོ།། དྲན་པའི་སྟོབས་ནི་ཆང་འཐུང་མའོ།། ཏིང་ངེ་འཛིན་གྱི་སྟོབས
iiif viewer powered by OpenSeadragon
298b - 299b