e-texts navigator
Collection
Volume
Page
Wylie

297b1 ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་འོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་དཔལ་ཧེ་རུ་ཀའོ།། མིག་གཉིས་ལ་གཏི་མུག་རྡོ་རྗེའོ།། རྣ་བ་གཉིས་ལ་ཞེ་སྡང་རྡོ་རྗེའོ།། སྣ་གཉིས་ལ་ཕྲག་དོག་རྡོ་རྗེག
297b2 ། ཁ་ལ་འདོད་ཆགས་རྡོ་རྗེའོ།། རེག་ལ་སེར་སྣ་རྡོ་རྗེའོ།། སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ།། ཐུགས་ལ་རྡོ་རྗེ་མི་བསྐྱོད་པ།། ཁ་ལ་རྡོ་རྗེ་འོད་དཔག་མེད།། སྐུ་ལ་རྡོ་རྗེ་རྣམ་སྣང་མཛད།། ཨོཾ་བཾ་ལྟེ་བ
297b3 ལ་རྡོ་རྗེ་ཕག་མོའོ། ། ཧཱ་ཡཽ་སྙིང་ཁ་ར་ཡ་མི་ནིའོ།། ཧྲཱི་མ~ཾ་ཁ་ལ་རྨོངས་བྱེད་མའོ།། ཧྲིཾ་ཧྲི་མགོ་བོ་ལ་སྐྱོད་བྱེད་མའོ།། ཧཱུཾ་ཧཱུཾ་སྤྱི་གཙུག་ལ་སྐྲག་བྱེད་མའོ།། ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་མཚོན་ཆ་མ་སྟེ་གཏུམ
297b4 བྱེད་མའོ། ། དེ་ལྟར་རབ་ཏུ་དགོད་བྱས་ཏེ།། ཡེ་ཤེས་འཁོར་ལོ་དེ་མཐོང་ནས།། དེ་ཡི་རྣལ་འབྱོར་བརྩམ་པར་བྱ།། དངོས་པོ་ཀུན་གྱི་ངོ་བོ་འདིས།། མཛུབ་མོ་མདུད་བྱ་གུང་མོ་ངེས་པར་སྦྱར།། མཐེ་བོང
297b5 རྡོ་རྗེ་བརྟན་པར་རབ་སྦྱར་ཏེ། ། དེ་ནི་དཔྲལ་བའི་དབྱིངས་སུ་རབ་སྦྱར་ནས།། བསྐོར་ཞིང་བསྐོར་ཞིང་བསྐོར་བར་བྱ།། རྐང་པ་མནན་ཅིང་གྱེན་དུ་བལྟ།། གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་པས།། ཕྱོགས་བཅུའི་འཇིག
297b6 རྟེན་ཁམས་གནས་པའི། ། དཔའ་བོ་རྣལ་འབྱོར་མ་རྣམས་འགུགས།། ཛཿཧཱུཾ་བཾ་ཧོཿ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྦྱོར་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ།། དཔའ་བོ
297b7 ཐམས་ཅད་དང་རྣལ་འབྱོར་མ་རྣམས་ཀྱིས་ནམ་མཁའི་དཀྱིལ་ཡོངས་སུ་གང་བར་བལྟས་ཏེ། བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པས་མངོན་པར་དབང་བསྐུར་བའི་ཚུལ་གྱིས་དེ་དག་ལ་དབང་བསྐུར་བ་སྦྱིན




iiif viewer powered by OpenSeadragon

297a - 298a

Texts on this page

S342 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba