e-texts navigator
Collection
Volume
Page
Wylie

279b1 བ་ལས་གྲོལ་བ། དཔའ་བོ་ཉིད་ནི་ཡིན་པར་བརྟག། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན།། སྒོ་དང་མཐའ་ཡི་མཚམས་རྣམས་སུ།། སྣ་ཚོགས་གདུལ་བའི་ཐབས་ཆེན་གྱིས།། སེམས་ཅན་དོན་ལ་བརྩོན་པར་མཛད།།
279b2 གསང་བའི་གནས་ཀྱི་རྣམ་གནས་པ།། རབ་ཏུ་འབད་དེ་སྦ་བར་བྱ།། རྣལ་འབྱོར་མ་དང་དཔའ་བོ་ཡིས།། ཇི་ལྟར་འདོད་པའི་དངོས་གྲུབ་སྟེར།། རྣལ་འབྱོར་བ་བྲས་བུ་ཐོབ་ནས་ནི།། སྲིད་མཚོར་ལྟུང་བར
279b3 མི་འགྱུར་རོ། ། འཁོར་བ་ལས་ནི་བསྒྲལ་བའི་ཐབས།། རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན།། བླ་མ་སློབ་མས་རྟོགས་བླ་ཕྱིར།། ཆོ་ག་རྒྱ་ཆེར་མ་བཤད་དེ།། སེམས་ནི་ངལ་སོ་རྣལ་འབྱོར་པ།། མྱ་ངན
279b4 འདས་པ་བསྟན་མི་བྱ། ། དེ་ལྟར་སྤྱོད་པའི་སྐྱེས་མཆོག་འདི།། སྡིག་པ་ཐམས་ཅད་རྣམ་དག་འགྱུར།། འཇིག་རྟེན་འདིབམ་ཕ་རོལ་ཏུ།། འདིས་ནི་སངས་རྒྱས་ཉིད་མཐོང་འགྱུར།། ཇི་ལྟར་སྔར་བཤད
279b5 སྡིག་པ་རྣམས། ། སྤང་བར་བྱ་བའི་མཚན་ཉིད་ཡིན།། གང་ཞིག་བདོ་སྒོམ་རྣལ་འབྱོར་པ།། འདོད་པའི་བདེ་བ་ཐམས་ཅད་སྟེར།། ཧེ་རུ་ཀ་དཔལ་མཚན་བརྗོད་པས།། ལྷ་སོགས་ཀུན་གྱི་གསང་གང་དང་།།
279b6 མི་ལ་སོགས་ལ་གང་ཞིག་ཡོད།། དེ་ཡི་བསོད་ནམས་དེས་འཐོབ་བོ།། བསམ་གཏན་གྱིས་ནི་བསམས་ཙམ་མམ།། འདོན་ཅིང་ཀློག་གམ་བྲིས་པ་ཡིས།། མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་ཏེ།། ཡང
279b7 ན་འཁོར་ལོས་སྒྱུར་ཉིད་འགྱུར། ། རྣལ་འབྱོར་པ་ནི་འཕོ་བའི་ཚེ།། དཔལ་ལྡན་ཧེ་རུ་ཀ་ལ་སོགས།། དཔའ་བོ་དག་ནི་ཐམས་ཅད་དང་།། རྣལ་འབྱོར་མ་ནི་ཇི་སྙེད་པ།། ལགོ་ན་སྣ་ཚོགས་མེ་ཏོག




iiif viewer powered by OpenSeadragon

279a - 280a

Texts on this page

S340 - rnal 'byor ma'i kun tu spyod pa