| | e-texts navigator
|
277b1 དཀག། རྣལ་འབྱོར་པ་ཡི་སྤྱོད་བརྟུལ་ཞུགས།། རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོ།། གང་ཞིག་རྟག་ཏུ་འདིས་རང་མཆོད།། འདོད་པའི་འབྲས་བུ་ཀུན་རབ་སྟེར།། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་བ་ལས། དཔ
277b2 བོཔོ་བཞི་དང་ཡང་དག་པར་སྦྱོར་བའི་ལག་པའི་མཆོད་པ་བསྟན་པ་སྟེ་བཅུ་བཞི་པའོ། ། ། དེ་ནས་དཔའ་བོ་རྣལ་འབྱོར་མ།། གཉིས་མེད་སྤྱོད་པའི་ཆོ་ག་བཤད།། དང་པོར་མཉམ་བཞག
277b3 རྣལ་འབྱོར་པས། ། འབད་དེ་ནུས་པ་བསྐྱེད་པར་བྱ།། ནུས་པ་བསྐྱེད་པའི་རྗེས་ཐོགས་ལ།། ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱད།། སེམས་ཅན་རྗེས་སུ་གཟུང་དོན་ཕྱིར།། དཔའ་བོ་ཆེན་པོ་འགྲོ་བྱ་ཞིང་།།
277b4 སྲོག་ཆགས་ཡན་ལག་གོས་བགོས་ལ།། བདེ་དོན་གཉེར་བར་བདེ་བ་བསྲུང་།། མཆོད་ཕྱིར་ཐོགས་ནི་ཀུན་སྤངས་ལ།། ཧེ་རུ་ཀ་དཔལ་གཙང་སྦྲར་གནས།། གྲོལ་བའི་འབྲས་བུ་འདོད་པ་ཡིས།། རྣལ་འབྱོར་མ
277b5 ཀུན་མཉེས་པར་བྱ། ། རྩ་བའི་སྔགས་ཀྱིས་དཔའ་བོ་གང་།། ཚངས་པའི་སྐུད་པ་ལ་སོགས་བརྟག། ལྷ་ཡི་སྙིང་པོའི་གསང་སྔགས་ཀྱིས།། བརྒྱ་ཕྱེད་འཕྲེང་བས་བརྒྱན་པ་ཡིན།། ཐོད་པའི་དུམ་བུ་ལ་སོགས
277b6 ཀུན། ལུས་ཀྱི་ཁམས་སུ་བརྟག་པར་བྱ།། དཔའ་བོའི་གོ་ཆ་དྲུག་གི་ནི།། རྒྱ་བདིས་ལུས་ནི་མཛེས་པ་ཡིན།། རྡོ་རྗེ་ཕག་མོ་སོགས་སྔགས་གང་།། མགུར་ཆུས་རྐེད་པ་མཛེས་པ་ཡིན།། སངས་རྒྱས་ཀུན་གྱི
277b7 མཁའ་འགྲོ་མའི། ། པགས་པའི་གོས་ནི་འཛིན་པའི་མཆོག། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ།། ཤེས་རབ་ཌ་མ་རུ་རུ་བརྟག། ཡི་གེ་བདུན་གྱི་གསང་སྔགས་ཀྱིས།། རྣ་ཆས་སྙན་ནི་མཛེས་པ་ཡིན།། རྣལ་འབྱོར་མ
iiif viewer powered by OpenSeadragon
277a - 278a