e-texts navigator
Collection
Volume
Page
Wylie

277a1 ཀྱཻ་ཡི་གེ་སྒྲུབ་མཛད་པ།། ལས་ཀྱི་བྱ་བ་གང་ཡང་རུང་།། དགེ་དང་མི་དགེ་བརྟགས་ཏེ་བྱ།། ཡི་གེ་མཐའ་དང་དབུས་ངག་ཏུ།། དེར་ནི་ཐམས་ཅད་རབ་ཏུ་གྲུབ།། རྣལ་འབྱོར་མ
277a2 ཀུན་ཏུ་སྤྱོད་པ་ལས། ཨཱ་ལི་ཀཱ་ལཾ་དང་ལས་ཐམས་ཅད་ཀྱི་ངེས་པ་གཉིས་སུ་མེད་པར་བསྟན་པ་སྟེ་བཅུ་གསུམ་པའོ།། དེ་ནས་རྒྱུད་རྣམས་ཐམས་ཅད་དུ།། སྦས་གསང
277a3 ཆོ་ག་ཤེས་བྱ་སྟེ། ། སངས་རྒྱས་བཞི་ཡི་གདན་བཞུགས་པ།། རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར།། མཁའ་འགྲོ་ལ་སོགས་རྡོ་རྗེ་ཡི།། དཔའ་བོ་རྣལ་འབྱོར་དབང་ཕྱུག་གཙོ།། མེ་ལོང་ལ་སོགས་རྣམ་པ
277a4 བཞི། ། གཉིས་མེད་གཉིས་སུ་མེད་སྦྱོར་ཉིད།། གཉིས་མེད་རྫས་ནི་མེ་ཏོག་སོགས།། རེ་རེ་ནས་ནི་དབུལ་བར་བྱ།། ཕྱག་རྒྱ་ལྔ་སོགས་མཆོག་ལུས་ཀྱི།། ཕ་རོལ་སོན་པས་ཕར་ཕྱིན་དྲུག། ལག་པའི་མཆོད་སོགས
277a5 ཡེ་ཤེས་ཅན། ། བློ་ལྡན་དཔའ་བོས་ཤེས་པར་བྱ།། རྣལ་འབྱོར་མ་དྲུག་གོ་རིམ་བཞིན།། རྡོ་རྗེ་སེམས་སོགས་བཅུ་གཉིས་དང་།། དཔའ་བོ་ཆེན་པོར་སྦྱར་བྱ་ལ།། ལག་པའི་མཆོད་ལ་སོགས་པས་བསྟོད།། ལྔ་པོ
277a6 ལྔ་དང་ཡང་དག་བསྲེ། ། འོ་མ་དང་ནི་བསྲེ་བར་བྱ།། མཆོད་པ་དེས་ནི་ལེགས་གནས་ལ།། སྤྱོད་དང་གྲོལ་བའི་འདོད་དང་ལྡན།། ལག་པའི་མཆོད་པས་རྣལ་འབྱོར་པ།། དབུལ་བའི་འདོད་དོན་འགྲུབ་པར་འགྱུར།།
277a7 སེམས་ནི་གཞན་དུ་གྱུར་པ་དང་།། བཟའ་བཏུང་གོས་སོགས་ཐོབ་པར་འགྱུར།། ལྷ་ཡི་མཆོད་པ་བྱས་ན་ནི།། དེ་ལ་བསམ་པ་རྣམ་གྲུབ་འགྱུར།། དཔའ་བོ་འདི་ནི་དཔའ་ཆེན་པོ།། ས་སྟེང་རྣལ་འབྱོར་མ་རྙེད




iiif viewer powered by OpenSeadragon

276b - 277b

Texts on this page

S340 - rnal 'byor ma'i kun tu spyod pa