e-texts navigator
Collection
Volume
Page
Wylie

273b1 དབབ་བོ་རྣལ་འབྱོར་མས་མངོན་བཟླ།། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨ་ད། ཨ་བསྥཱ་ར་བཛྲཱ་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿི་མཾ་བ་ལིཾ་གྲྀཧྞ་ནཱ་ས་མ་ཡ་རཀྵནཱ་མ་མ་སརྦ
273b2 སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚ་བྷུ་ཛ་ཐ། ཛ~ཾ་གྷཱ་ཐ། པི་བ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱ་ར་ཏ་ཡཱ། སཏ་སུ་ཁཾ་བི་ཤུད་དྷ་ཡེ། སཾ་ཧ་ཡི་ཀཱ་བྷ་བ་ཏུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔའ་བོའི་འཁོར་ལོ་ལ་སོགས
273b3 སྔགས། ། དུར་ཁྲོད་ལ་སོགས་ཀྱིས་ཀྱང་བརྒྱན།། ལྷོ་ཕྱོགས་ཁ་བལྟས་རྣལ་འབྱོར་པས།། གནས་ནི་མཐུན་པར་རབ་ཏུ་མཆོད།། ཉེ་བར་མཚོན་པ་ཇི་ལྟ་བར།། བདག་གིས་ནུས་པས་དབུལ་བར་བྱ།། དགུན
273b4 ཟླ་འབྲིང་པོ་ལ་སོགས་པའི། ། ཚེས་བཅུ་ལ་ནི་དད་པས་མཆོད།། སྐྱེ་བོ་དམ་པ་ཀུན་འདུས་ལ།། བདེ་བ་ཐམས་ཅད་དབུལ་བར་བྱ།། དེར་ནི་བཤོས་རྣམས་བཟའ་བྱ་སྟེ།། ལྷག་མ་སྣོད་དུ་གཞག་པར་བྱ།།
273b5 དེ་ཡི་ལག་ཏུ་འོངས་པའི་དཔལ།། གང་གིས་ཀྱང་ནི་གཞོམ་མི་ནུས།། དེ་ནི་སྐྱེ་བོ་དང་ལྡན་རྣམས་ཀྱིས་མཆོད།། ཧེ་རུ་ཀ་དཔལ་མངོན་པར་དགྱེས་གྱུར་ནས།། ཀུན་ཏུ་དགྱེས་པས་མཆོག་ནི་སྩོལ་འགྱུར
273b6 ཏེ། གང་ཕྱིར་མཆོག་ནི་དེ་ཡི་ལག་ན་གནས།། མཚན་མོ་སྒྲ་ནི་གྲོལ་གྱུར་པས།། བརྟུལ་ཞུགས་གོས་མེད་གཏོར་སྦྱིན་ན།། ཧེ་རུ་ཀ་དཔལ་རྣལ་འབྱོར་བདག། དེས་ནི་མ་མོ་དགའ་བར་འགྱུར།། རྣལ་འབྱོར།
273b7 མའི་ཀུན་ཏུ་སྤྱོད་པ་ལས། གཏོར་མ་དང་མཆོད་པ་ཚེས་བཅུར་བྱ་བ་སྲུང་བ་བསྟན་པ་སྟེ་བཅུ་པའོ།། །། དེ་ནས་ཕ་རོལ་ཕྱིན་དྲུག་དང་།། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན།།




iiif viewer powered by OpenSeadragon

273a - 274a

Texts on this page

S340 - rnal 'byor ma'i kun tu spyod pa