| | e-texts navigator
|
273a1 བར་ཤེས་བྱསྟེ། ། རྣལ་འབྱོར་ཆེ་ལ་གནས་པ་ཡིན།། མདོར་བསྡུས་ནས་ནི་རབ་འཇུག་པ།། བློ་གྲོས་བརྩོན་པས་ཤེས་པར་བྱ།། ལྡོག་པའང་ཇི་སྐར་བསྟན་པ་ནི།། བཤང་བྱ་སྒྲུབ་པ
273a2 རྣམས་ཉོན། ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ནི་བཀོད་དང་བྲལ་བ་སྟེ།། ཀ་ནི་གང་དུའང་མི་གནས་པའོ།། དེ་ནི་རང་བཞིན་སྟོང་པ་སྟེ།། ཀུན་ཏུ་འགྲོ་ཞིང་མི་ཤིགས་པར།།
273a3 མདོར་བསྡུས་ནས་ནི་སྒོམ་བྱེད་པ།། འདོད་པའི་དངོས་གྲུབ་ཐོབ་པར་འགྱུར།། ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི།། སྐུ་གསུམ་དག་ནི་རྣམ་སྒོམ་པ།། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན།། དེར་ནི་ངེས་པར
273a4 བསྒོམ་པར་བྱ། ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། འཇུག་པ་བསྟན་པ་སྟེ་དགུ་པའོ།། ། དེ་ནས་བསྒོམས་པས་དུབ་གྱུར་པ།། བསྡུས་པ་སྤྱོད་ཚུལ་ཁྱད་པར་གྱིས
273a5 སྦྱོར་དང་བྲལ་བར་མི་བྱ་སྟེ། ། སྦྱོར་བའི་རྣལ་འབྱོར་པ་འདི་ཡིན།། སྔར་ནི་ཇི་སྐད་བཤད་པ་བཞིན།། བསམ་གཏན་ཆོ་ག་རྒྱུས་བྱས་ལ།། རང་འདོད་ལས་ལ་གཏོར་མ་ནི།། ཁྱད་པར་དུ་ཡང་སྦྱིན
273a6 པར་བྱ། ། ཟླ་བ་མར་ངོའི་ཚེས་བཅུ་དང་།། ཟླ་བ་ཡར་ངོའི་དེ་ཉིད་ལ།། འབད་པས་དཔའ་བོ་ཆང་སོགས་དང་།། རྡོ་རྗེ་ལྷ་མོ་རབ་མཆོད་ཅིང་།། སྔར་བཤང་སྔགས་དང་རྒྱུ་སྦྱར་བ།། ཆོ་ག་བཞིན
273a7 དུ་ཡང་དག་སྲུང་། ། ཨོཾ་ཨཱ་ར་ལླི་ཧོ།། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནྱཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། དེ་ལྟར་ལན་གསུམ་བཞི་ལྔར་བརྗོད།། དམ་ཚིག་སོགས་རྫས་ལེགས་གནས་པར།། རྡོ་རྗེ་ཐལ་མོ་གྱེན་ཁ་ཕྱེ།
iiif viewer powered by OpenSeadragon
272b - 273b