e-texts navigator
Collection
Volume
Page
Wylie

272b1 ཀ་དག་ཏུ་རྣལ་འབྱོར་མ། ། སངས་རྒྱས་མཁའ་འགྲོ་མ་ཡི་སྔགས་ཀྱིས་ནི།། ཨ་བ་དྷཱུ་ཏིའི་གཉིས་ཀྱིས་དཔའ་བྱིན་བརླབ།། རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན།། དང་པོར་དགའ་བ་དཔའ་བོ་སྟེ།
272b2 མཆོག་ཏུ་དགའ་བ་རྣལ་འབྱོར་མ།། རབ་ཏུ་དགའ་བ་མ་ལུས་ཉིད།། བདེ་བའི་ཐབས་ཏེ་ཀུན་རིག་པའོ།། ལྷ་ཡུལ་ས་སྟེང་ས་འོག་ཏུ།། སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར།། སྒོམ་པ་དག་གིས
272b3 བཤད་པ་ཡི། ། བསྡུ་བ་དེ་ཉིད་བཤད་པ་ནི།། གཡས་དང་གཡོན་གྱི་ལག་གཉིས་ཀྱིས།། བསྐོར་བ་མཁའ་འགྲོའི་བདེ་དེ་ཡིན།། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན
272b4 དྲང་བ་དང་བསྡུ་བ་བསྟན་པ་སྣ་བརྒྱད་པའོ། ། དེ་ནས་སྤྲུལ་པར་ཤེས་བྱ་དང་།། ལོངས་སྤྱོད་རྫོགས་པར་འདོད་པ་ཉོན།། ཐེག་པ་ཆེན་པོ་ཕྱག་རྒྱ་ཆེ།། རྣལ་འབྱོར་མ་ཡི་གྲུབ་སྟེར
272b5 བཤད། ། ཕྱག་རྒྱ་ཆེན་པོ་ལས་ལྷག་པའི།། རྣལ་འབྱོར་ཀུན་ལས་མཆོག་གཞན་མེད།། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ།། རྣལ་འབྱོར་ཀུན་དབང་དབང་ཕྱུག་ཡིན།། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། ནམ་མཁས
272b6 དང་མཉམ་ལས་བླངས་པ། ། ཀུན་མཁྱེན་ཡེ་ཤེས་དེའི་རང་བཞིན།། ཧེ་རུ་ཀ་དཔལ་དཔའ་བོ་མཆོག། སྐྱེ་བོ་དམ་པ་ཀུན་འདུས་པ།། ཞི་ངའི་བཏུང་བས་གྲུབ་འགྱུར་བ།། རྟག་པའི་གོ་འཕྱང་མཆོག
272b7 ཡིན་ཏེ། ། སྐྱོན་མེད་པ་ནི་བརྟག་པའི་གནས།། པུ་ལ་སོགས་པ་ཡང་དག་སྦྱར།། ཡུལ་དང་ཡུལ་དུ་རྣམ་པར་གནས།། ཧེ་རུ་ཀ་དཔལ་བདག་ཉིད་དགོད།། ཡི་གེ་ཉི་ཤུ་རྩ་བཞི་ནི།། ལོངས་སྤྱོད་རྫོབ




iiif viewer powered by OpenSeadragon

272a - 273a

Texts on this page

S340 - rnal 'byor ma'i kun tu spyod pa