| | e-texts navigator
|
272a1 ཡིན། ། དེ་ནི་གོ་ཆ་རྣམ་དྲུག་གིས།། ཤིན་ཏུ་བསྲུངས་པ་ཉིད་ཡིན་ནོ།། ཨོཾ་ཋ། ཛཱ་ཡ~ཾ། ཝཾ་ས~ཾ། (ུ0f7f། ཧཱུཾ་ཧཱུཾ། ཕཊ་ཕཊ། ལྟེ་བ་སྙིང་ཁ་དེ་བཞིན་ཁ། སྤྱི་བོ་སྠི་གཙུག་གོ་ཆ་ན
272a2 ཡིད། ། དང་པོ་རྡོ་རྗེ་བག་མོའོ།། གཉིས་པ་ཡཱ་མ་ནཱི་རུ་བརྗོད།། གསུམ་པ་རྨོངས་བྱེད་མ་ཉིད་དེ།། བཞི་པ་སྦྱིན་མ་ཡིན་པར་བཤད།། ལྔ་པ་ཀུན་ཏུ་སྐྲག་པར་གྲགས།། དྲུག་པ་གཏུམ་མོ་ཡིན་པར
272a3 བཤད། ། གོ་ཆ་དྲུག་ཉིད་ཕག་མོ་དང་།། དཔའ་བོ་གཉིས་མེད་རྣལ་འབྱོར་མའོ།། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། གོ་ཆ་གཉིས་བསྟན་པ་སྟེ་བདུན་པའོ།། ། དེ
272a4 ནས་གོ་ཆ་གཉིས་ཤེས་ནས། ། ཡེ་ཤེས་འཁོར་ལོ་རྣམ་བསྒོམས་ནས།། སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས།། དམ་ཚིག་འཁོར་ལོར་མྱུར་གཞུག་བྱ།། རྐང་པ་མནན་ལ་སྟེང་དུ་བལྟ།། སྟེང་དུ་ཕ
272a5 གྱི་སྒྲ་བསྒྲགས་ལ། ། ཕྱོགས་བཅུའི་བཇིག་རྟེན་ཁམས་གནས་པའི།། དཔའ་ངོ་རྣལ་འབྱོར་མ་རྣམས་དགུག། སྔགས་ཀྱིས་ཡང་དག་བསྐུརལ་བ་དང་།། སྐད་ཅིག་དེ་ལ་སྤྱན་དྲང་བྱ།། མཛུབ་མོ
272a6 མདུར་བྱས་གུང་མོ་ངེས་པར་སྦྱར། ། མཐེ་བོང་རྡོ་རྗེ་བརྟན་པོར་ཡང་དག་སྦྱར།། དེ་ནི་དཔྲལ་བའི་ཕྱོགས་ཀྱི་དབུས་བཞག་ལ།། གཅུ་ཞིང་གཅུ་ཞིང་བསྐོར་བ་བྱས་པ་ཡིས།། སྔགས་པས་དཔའ་བོ་རྣམ
272a7 འབྱོར་མ་བྱིན་བརླབ། ། ཡི་གེ་དྷ་ནི་སྣ་རྩེར་ཡང་དག་སྦྱར།། བྱཱ་ནི་མཚན་གྱི་ལྟེ་བར་ཡང་དག་དགོད།། ལྟེ་བ་སྙིང་ཀ་ཁ་དང་དཔྲལ་བ་རུ།། སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ།། ལྟེ་བ་སྙིང
iiif viewer powered by OpenSeadragon
271b - 272b