| | e-texts navigator
|
270b1 ཡ་གྲཱྀ་བ་དང་། ཤཽཎྜི་ནིའོ།། སུ་ཞེས་བྱ་བ་ནི་སུ་བརྞ་དཱི་བ་ན་ཨཱ་ཀཱ་ཤ་གརྦྷ་དང་། ཙཀྲ་བརྨི་ཎཱིའོ།། ཉེ་བར་འདུ་བ་ཅན་ནོ།། ན་ཞེས་བྱ་བ་ནི་ན་ག་ར་ན་ཤྲཱི་སེ་རུ་ཀ་དང་། སུ་བཱི་རཱའོ།། སི་ཞེས་བྱ་བ་ནི་སིན་དྷུ་དེ་ཤ་ན།
270b2 པདྨ་ནརྡེ་ཤྭ་རི་དང་། མེ་ཧཱ་བ་ལཱའོ།། དུར་ཁྲོད་དོ།། མ་ཞེས་བྱ་བ་ནི་མ་རུ་དེ་ཤ་ན། བཻ་རོ་ཙ་ན་དང་། ཙཀྲ་བརྟི་ནཱའོ།། ཀུ་ཞེས་བྱ་བ་ནི་ཀུ་ལུ་ཏཱ་ན་བཛྲ་ས་ཏྭ་དང་། མ་ཧཱ་བཱིརྱའོ།། ཉེ་བའི་དུར་ཁྲོད་དོ།། སྐུའི
270b3 ། འཁོར་ལོ་སྟེ། ས་འོག་ན་སྤྱོད་པའོ།། ཀཱ་ཀཱ་སྠ་དང་། ཨུ་ལཱུ་ཀཱ་སྱཱ་དང་། ཤཱ་ནཱ་སྠ་དང་། སུ་ཀ་རཱ་སྱཱ་ནི་ཕྱོགས་སུའོ།། ཡ་མ་ད་ཌྷི་དང་། ཡ་མ་དུ་ཏཱི་དང་། ཡ་མ་དཾཥྞཱི་ཎཱཾ་དང་། ཡ་མ་མ་ཐ་ནཱི་ནི་མཚམས
270b4 སུའོ། ། དེ་ལྟར་ཕྱི་དང་ནང་གི་བདག་ཉིད་ཇི་སྲིད་ངེས་པར་རྟོགས་པའི་སྤྱོད་ཡུལ་དུ་གྱུར་ཀྱི་བར་དུ་དམིགས་པར་བྱའོ།། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། ལྷའི་གནས་ཀྱིས་བསྟན་པ་སྟེ་ལྔ་པའོ།།
270b5 ། དེ་ནས་བདག་པོ་སོགས་ཀུན་གྱི།། མཚན་མ་ཕྱག་རྒྱའི་ཚོགས་རྣམས་དང་།། རང་མདོག་ཕྱག་མཚན་བཞུགས་ཚུལ་རྣམས།། རྒྱུད་དུ་སྦས་པ་ངེས་པར་བྱ།། རྒྱལ་ཆེན་ཤྲཱི་ཧེ་རུ་ཀ་ནི།། གདུག
270b6 པ་ཐམས་ཅད་རབ་བཇོམས་པ། ། ཕྱག་གཉིས་ཡང་དག་འཁྱུད་པ་དང་།། གཉིས་ཀྱིས་གླང་པོའི་པགས་པ་འཛིན།། གཡས་པའི་ལྷག་མར་དགྲ་སཱ་མདུང་།། རྩེ་གསུམ་གྲྀ་གུག་ཌ་མ་རུ།། གཡོན་གྱི་ལྷག
270b7 མར་ཁ་ཊྭཱཾ་བསྒྲེང་། ། ཐོད་པ་དམར་ཆེན་ཞགས་པ་དང་།། ཚངས་པའི་མགོ་བོ་རྣམས་བཤད་དེ།། བཅུ་གཉིས་ཀྱིས་ནི་བརྒྱན་པ་ཡིན།། ཐོད་པའི་འཕྲེང་བའི་མཆོད་ཕྱིར་ཐོགས།། བརྒྱ་ཕྱེད་པར་ནི་ཤེས་པར
iiif viewer powered by OpenSeadragon
270a - 271a