e-texts navigator
Collection
Volume
Page
Wylie

269a1 ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཤིན་ཏུ་དཔའ་མོའོ། ། ཡང་དག་པའི་ལྟ་བ་ནི་སྟོབས་ཆེན་མའོ།། ཡང་དག་པའི་རྟོག་པ་ནི་འཁོར་ལོ་སྒྱུར་མའོ།། ཡང་དག་པའི་ངག་ནི་བརྩོན་འགྲུས
269a2 ཆེན་མོའོ། ། ཡང་དག་པའི་ལས་ཀྱི་མཐའ་ནི་ཁཱ་གདོང་མའོ།། ཡང་དག་པའི་འཚོ་བ་ནི་བུག་གདོང་མའོ།། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མའོ།། ཡང་དག་པའི་དྲན་པ་ནི་ཕག་གདོད་མའོ།། ཡང་དག་པའི་ཏིང
269a3 ངེ་འཛིན་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེའོ། ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་ནི་གཤིན་རྗེ་བརྟན་མའོ།། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ།། མི་དགེ་བའི
269a4 ཆོས་སྐྱེས་པ་རྣམས་སྤོང་བ་ནི་གཤིན་རྗེ་མཆེ་བ་མའོ། ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་ནི་གཤིན་རྗེ་འཇོམས་མའོ།། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན
269a5 ལྷ་རྣམས་ཀྱི་རྣམ་པར་དག་པ་བསྟན་པ་སྟེ་གསུམ་པའོ། ། ། དེ་ནས་ཡང་དག་བཤད་བྱ་བ། དཔའ་བོ་གཉིས་མེད་དམ་པ་སྟེ།། ཧེ་རུ་ཀ་དཔལ་སྐུའི་ཡན་ལག། ཡན་ལག་ཀུན་ནི་ཆ
269a6 ཤས་གྲནས། ། སེན་མོ་དང་སོ་ལ་ནི་ཐོད་པ་ཕྱེད་པའོ།། སྐྲ་དང་སྦྲུལ་ནཱི་ཀེང་རུས་ཆེན་པོའོ།། བཀས་པ་དང་དྲི་མ་ལ་ནཱི་ཀེང་རུས་སོ།། ཤ་ལ་ནི་མཆེ་བ་རྣམ་པར་གཙིགས་པའོ།། རྒྱུས་པ་ལ་ནི་ལྷ་དགྲའོ།། རུས
269a7 པལ་ནི་བོང་དཔག་མེད་དོ། ། མཁལ་མ་ལ་ནི་རྡོ་རྗེ་འོང་ངོ་།། སྙིང་ལ་ནི་རྡོ་རྗེ་སྐུའོ།། མིག་གཉིས་ལ་ནི་མྱུ་གུ་ཅན་མོ།། མཁྲིས་པ་ལ་ནི་རྡོ་རྗེ་རལ་པ་ཅན་ནོ།། གློ་བ་ལ་ནི་དཔའ་བོ་ཆེན་པོའོ།། རྒྱུ་མ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དོ།།




iiif viewer powered by OpenSeadragon

268b - 269b

Texts on this page

S340 - rnal 'byor ma'i kun tu spyod pa