e-texts navigator
Collection
Volume
Page
Wylie

318b1 དེས་ན་རས་བལ་ཞེས་བྱའོ། ། ཅིའི་ཕྱིར་རྒུན་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་ཀྱི་ནགས་ཀྱི་ལྡུམ་བུར་གྱུར་པ་གང་ཡིན་པ་དེའི་རྒྱུ་འཐུན་པ་ལས་བྱུང་བ་ནི་དེ་ཡིན་ཏེ། རྒྱུ་དེས་ན་རྐུན
318b2 ཞེས་བྱའོ། ། ཅིའི་ཕྱིར་ཤིང་ཁ་ཅིག་གྱི་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་ཅེ་ན། སྨྲས་པ། རླུང་གི་དབང་གིས་འགྱུར་ཏེ། ཤིང་གང་དག་ལ་རླུང་རྣམས་འཐུན་པར་འགྱུར་བ་དེ་དག་ནི་དྲང
318b3 པོར་འགྱུར་རོ། ། ཤིང་གང་དག་ལ་རླུང་རྣམས་མི་མཐུན་པར་གྱུར་པ་དེ་དག་ནི་གྱི་གུར་འདུག་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་གྱ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་གོ། ཅིའི་ཕྱིར་ཆུ་གཅིག་མི་བརླན་པའི
318b4 ས་ཕྱོགས་གཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་སུ་གྱུར་ཏེ། ཁ་དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་གཅིག་པར་མ
318b5 གྱུར་ཅེ་ན། སྨྲས་པ། ས་བོན་གྱི་དབང་གིས་འགྱུར་ཏེ། ས་བོན་ཇི་ལྟར་འདུག་པ་དེ་བཞིན་དུ་སའང་སའི་བཅུད་ལེན་པར་བྱེད། ཆུའང་ཆུའི་བཅད་ལེན་པར་བྱེད། མེའང་མེའི་བཅུད་ལེན་པར
318b6 བྱེད། རླུང་ཡང་རླུང་གི་བཅུད་ལེན་པར་བྱེད་དེ། རྒྱུ་དེས་ན་ཆུ་གཅིག་གིས་བརླན་པའི་ས་ཕྱོགས་གཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་སུ་གྱུར་ཏེ། པ
318b7 དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་གཅིག་པར་མ་གྱུར་ཏོ།། ཅིའི་ཕྱིར་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་འགྱུར་ཏེ། འབྱུང་པོ་རྣམས་ཀྱིས་དབེན་པར་མ་གྱུར




iiif viewer powered by OpenSeadragon

318a - 319a

Texts on this page

S316 - rgyu gdags pa