e-texts navigator
Collection
Volume
Page
Wylie

312b1 ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུག་ཤོར་བ་དང་། རྟ་སྐད་འབྱིན་པ་དང་། བརྒྱན་པ་ལ་དགའ་བ་དང་། ཉོན་མོངས་པའི
312b2 ཤས་ཆེ་བ་དེ་དག་ནི། ཉེ་ཞིང་དུས་པས་ཉེ་བར་རྟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། རྔ་མོ་དག་གི་ནང་ནས་ཤི་འཕྲོ
312b3 པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ
312b4 དང་། སྤུག་ཤོར་བ་དང་། སྟོབས་ཆེ་བ་དང་། སྐྲ་རིང་བ་དང་། མཆུ་འཕྱང་བ་དང་། མགྲིན་པ་གྱེ་གུར་འདུག་པ་དེ་དག་ནི། ཉེ་ཞིང་དུ་བས་ཉེ་བར་རྔ་མོ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། རྔ་མོ་དག
312b5 གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། ། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། བ་ལང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན
312b6 མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། ལྟོ་ཆེ་བ་དང་། སྟོབ
312b7 ཆེ་བ་དང་། ལུ་བ་དང་། ཟློས་ཤིང་བལྡད་པ་དང་། མང་དུ་ཟ་བ་དང་། རྭའི་ས་འབུར་བ་དེ་དག་ནི། ཉེ་ཞིང་དུབས་ཉེ་བར་བ་ལང་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། བ་ལང་དག་གི་ནང་ནས་ཤི




iiif viewer powered by OpenSeadragon

312a - 313a

Texts on this page

S316 - rgyu gdags pa