| | e-texts navigator
|
311a1 བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། གལ་ཏེ་དེ་ནས་ཤི་འཕོས་ནས།
311a2 ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནའང་། ལས་ཀྱི་ལྷག་མ་ལུས་པ་དེས་འདིར་ས་ཕྱོགས་གཤིན་པ་ཟས་དང་སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ནས་ཕྱོགས་གཤིན
311a3 པ་ཟས་དང་སྐོམ་མོང་བ་དག་ཏུ་སྐྱེ་བར་འགྱུར་རོ། ། ཆོས་མངོན་པའི་བསྟན་བཅོས་དགེ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་བསྟན་པ་རྒྱུ་གདགས་པ་ལས་ཚོགས་བཅུ་དྲུག་པའོ།།
311a4 ། སྡོམ་ནི། སེམས་དམྱལ་སྦྲུལ་དང་བྱེ་བ་ཁྱི།། གླང་ཆེན་རྟ་དང་རྔ་མ་དང་།། བ་ལང་བོང་བུ་རི་དགས་དང་།། ར་ལུག་ཁྭ་རྣམས་ཚིགས་ཀྱི་སྡོམ།། སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ
311a5 རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐེམ་པ་དང་། ངན་པ་ལ་དགའ་བ་དང་། མདོག་ངན་པ་དང་།
311a6 འཇིགས་པ་དང་། བག་ཚ་བ་དང་། སྡང་སྐྱེན་པ་དང་། འབྲོས་པ་དང་། ལུས་མདོག་ཚིག་པ་ལྟར་འདུག་པ་དང་། རྨི་ལ་མ་ན་མེ་དང་། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་དང་། མཚོན
311a7 ཆ་ནས་འབྲས་ལྟ་བུ་དང་། མདེའུ་ཐུང་དང་། ལྕགས་ཟངས་དང་། འཁར་ཟངས་ཀྱི་ནང་དུ་སྲེག་པ་རྨི་བ་དེ་དག་ནི། ཉེ་ཞིང་དུ་བས་ཉེ་བར་སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ་ཡིན།
iiif viewer powered by OpenSeadragon
310b - 311b