e-texts navigator
Collection
Volume
Page
Wylie

309b1 དེ་དག་ཉེས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་སེམས་ཅན
309b2 དམྱལ་བ་རྣམས་ནས་ཤི་འཕོས་ནས། ལས་ཀྱི་ལྷག་མ་ལུས་པ་དེས་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེར་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མཆེ་བའི
309b3 སྟོབས་དང་ལྡན་པར་གྱུར་ཏེ། རྒྱུ་དེས་ན་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུར་ཏོ།། ཅིའི་ཕྱིར་སྤུག་ཤོར་བར་གྱུར་ཅེ་ན།
309b4 སྨྲས་པ། སའི་ཁམས་ཀྱི་ཤས་ཆེ་བའི་ཕྱིར་རོ།། གཞན་ཡང་སེམ་ཅན་གང་དག་སྔོན་མིར་གྱུར་པ་ན། ལུས་ཀྱི་ལས་རྩུབ་པ་དང་། ངག་གི་ལས་རྩུབ་པ་དང་། ཡིད་ཀྱི་ལས་རྩུབ་པ་དེ་དག་ཉེས་པར་སྤྱོད
309b5 པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས
309b6 དང་སྐལ་བ་མཉམ་པར་འཇིག་རྟེན་གྱི་ཁམས་འདིར་སྐྱེས་ནའང་ལས་ཀྱི་ལྷག་མ་ལུས་པ་དེས་སྤུག་ཤོར་བར་གྱུར་ཏོ། ། ཅིའི་ཕྱིར་སྤུ་འཇམ་པར་གྱུར་ཅེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན།།
309b7 ལུས་ཀྱི་ལས་རྩུབ་པ་མ་བྱས། ངག་གི་ལས་རྩུབ་པ་མ་བྱས། ཡིད་ཀྱི་ལས་རྩུབ་པ་མ་བྱས་ཏེ། དེ་དག་ལེགས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེ། ལུས་ཤིག་ནས་ཤི




iiif viewer powered by OpenSeadragon

309a - 310a

Texts on this page

S316 - rgyu gdags pa