e-texts navigator
Collection
Volume
Page
Wylie

305b1 ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པའི་སྟེང་གི་བོལ་ནས་སྐྱེས་སོ།། རྐང་པའི་སྟེང་གི་བོལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ།། བྱིས་པ་དེ
305b2 རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ནས། དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་མཛེས་ལྡན་གྱི་རྐང་པའི་འོག་མཐིལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བར
305b3 གྱི་ལ་བ་འམ། རས་བལ་གྱི་འདའ་བ་ལྟ་བུ་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས
305b4 བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པའི་འོག་གི་མཐིལ་ནས་སྐྱེས་སོ།། རྐང་པའི་འོག་གི་མཐིལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར
305b5 གྱུར་ཏོ། ། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་ཡངས་པ་ཅན་ན་མིང་ཆེན་གྱི་སྐྱེད་མོས་ཚལ་དུ་ཤིང་ཨ་མྲ
305b6 ལས་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། མིང་ཨ་མྲས་སྐྱོང་མ་ཞེས་བྱ་བར་གྱུར་ནས། བུ་མོ་དེའང་ཆོས་ཀྱིས་ཚོགས་ཀྱི་སྤྱད་པར་བྱ་བ་ལྟ་བུའོ།། དེ་ལ་སོགས་པ་གཞན
305b7 དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་དྲེད་ག་ཤར་ལས་སྐྱེ་བའི་སྐྱེ་གནས་ཡོད་དོ།། མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་བསྐལ་པ་དང་པོ་པ




iiif viewer powered by OpenSeadragon

305a - 306a

Texts on this page

S316 - rgyu gdags pa