| | e-texts navigator
|
305a1 ལ། ཅུང་ཟད་ཀྱང་གནོད་པ་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས
305a2 བརྒྱན་པ་ཞིག་སྐྱེས་ཏེ། རྐང་པ་གཡས་པ་ནས་སྐྱེས་སོ།། རྐང་པ་གཡས་པ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ།། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར
305a3 གྱུར་ཏེ། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་མཛེས་པའི་བརླ་གཡོན་པ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི
305a4 འདབ་མ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་ཅུང་ཟད་ཀྱང་གནོད་པ་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས། བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ
305a5 ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པ་གཡོན་པ་ནས་སྐྱེས་སོ།། རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་ཉེ་མཛེས་ཉེ་མ་ཛས་ཞེས་བྱ་བར་གྱུར་ཏེ། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང
305a6 ཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་སྟེང་གི་བོལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་ལ་བ་འམ
305a7 ངས་བལ་གྱི་ལ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་རྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ
iiif viewer powered by OpenSeadragon
304b - 305b