| | e-texts navigator
|
300b1 སྡོམ་ནི། སྐྱེ་གནས་འགྲོ་བ་ཡོད་པ་དང་།། ཅིའི་ཕྱིར་དམྱལ་སོགས་མཐོ་རིགས་དང་།། ལྷ་མོ་མ་ལ་སོགས་པ་དྲུག། འོ་མ་ཁ་སྨཱ་ཎྜལ་དང་གདལ།། གླེང་གཞི་ནི་མཉན་ཡོད་ན་སྟེ།
300b2 གནས་ནི་བཞི་ཡོད་དེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་སྟེ། འདི་ནི་སྐྱེ་གནས་ཡིན་པར་གསུངས་སོ།། སྒོ་ང་ལས་སྐྱེ་བའི་སྐྱེ
300b3 གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་དང་། སྒོ་ངན་འདུག་པ་རྣམས་དང་། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང་། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱོ་ཞིང་ཀུན་ཏུ
300b4 སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། སྨྲས་པ། འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙེ་དང
300b5 རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་ལ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་ཅིག་དང་། མི་ཁ་ཅིག་དང་། གཞན་ཡང་སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་དང་། སྒོ་ང
300b6 ན་འདུག་པ་རྣམས་དང་། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང་། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་དེ
300b7 འདི་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། ། མངལ་ནས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་མངལ་ན་སྐྱེ་བ་རྣམས་དང་། མངལ་ན་འདུག་པ་རྣམས་དང་། མངལ་གྱི་སྦུབས
iiif viewer powered by OpenSeadragon
300a - 301a