| | e-texts navigator
|
296a1 ནི་ཉི་མའི་དཀྱིལ་འཁོར་ཡིན་ནོ། ། ཟླ་བ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་ཏེ། དགེ་སློང་དེས་ཉི་མའི་དཀྱིལ་འཁོར་འདི་དང་། ཟླ་བའི་དཀྱིལ་འཁོར་ལ་ཉེ་ཞིང་ཐུག་པར་མོས་ནས
296a2 ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་ལ། ནོམ་ཞིང་ཀུན་ཏུ་ནོམ་སྟེ། དེ་ལྟར་ན་ཉི་མ་དང་ཟླ་བ་འདི་གཉིས་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་གོ། དེ་ཚངས་པའི་འཇིག་རྟེན་དུ་ལུས་ཀྱིས་དབང་བྱེད་དོ་ཞེས
296a3 གསུངས་པ་སྟེ། ཇི་ལྟར་ན་ཚངས་པའི་འཇིག་རྟེན་དུ་ལུས་ཀྱིས་དབང་བྱེད་ཅེ་ན། སྨྲས་པ། དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་ལ་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང
296a4 ཚེགས་མེད་པར་ཐོབ་པ་དེས་དེ་སྙེད་ཅིང་སྙན་ཏེ། ཡང་དག་པར་སྐྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་ལ། གསལ་བར་བྱེད་དོ།། དེས་དེ་བསྐྱེད་ཅིང་བསྟན་ཏེ། ཡང་དག་པར་བསྐྱེད་ཅིང་ཡང་དག་པར་བསྒྲས
296a5 ལ་གསལ་བར་བྱས་ནས། ལུས་ཀྱང་སེམས་ལ་འཇོག་ལ། སེམས་ཀྱང་ལུས་ལ་འཇོག་པར་བྱེད་དེ། ལུས་སེམས་ལ་བཞག་ལ། སེམས་ཀྱང་ལུས་ལ་བཞག་ནས་ཀྱང་གཅིག་ཏུ་འགྱུར་ཞིང་ཀུན་ཏུ།
296a6 འདྲེས་ཏེ། དཔེར་ན་མར་རམ། འབྲུ་མར་རམ། སྦྲང་རྩི་འམ། བུ་རམ་གྱི་དབུ་བ་ཆུ་དང་གཅིག་ཏུ་འགྱུར་ཞིང་ཀུན་འདྲེས་པ་དེ་བཞིན་དུ། དགེ་སྦྱོངར་གིས་ལུས་སེམས་ལ་བཞག་ཅིང་། སེམས་ཀྱང་ལུས་ལ
296a7 བཞག་ནས་ལུས་ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་བསྐྱེད་ནས། འཕག་པར་བྱེད་ཅིང་། ཡང་དག་པར་འཕག་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང་། ཀུན་ཏུ་གྱེན་དུ་འགྲོ་བར་བྱེད་དེ།།
iiif viewer powered by OpenSeadragon
295b - 296b