e-texts navigator
Collection
Volume
Page
Wylie

294b1 འདུག་པ་ལས་འདི་སྙམ་དུ་སེམས་ཏེ། ཅི་ནས་བདག་ཤེས་པར་བྱའོ།། ཅི་ནས་བདག་མཐོང་བར་བྱའོ་སྙམ་སྟེ། དེ་དེ་དང་ཉེ་ཞིང་ཐུག་པར་མོས་པར་བྱེད་དེ། དེ་ལྟར་ར་དེ་མི་སྣང་ཞིང་འདུག་པ་ལས
294b2 སྣང་བར་འགྱུར་རོ། ། དེ་ལྟར་ན་སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར་བ་རྣམས་ལ་སྣང་ཞིང་འདུག་པ་ལས་མི་སྣང་བར་འགྱུར་བ་དང་། མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་ལ། ཤེས་པའང
294b3 དེ་ཡིན། མཐོང་བའང་དེ་ཡིན་ཏེ། དགེ་སློང་གིས་ཤེས་པ་དང་མཐོང་བ་དེ་མྱོང་ཞིང་སོ་སོར་མྱོང་ལ། རིག་ཅིང་ཉམས་སུ་མྱོང་ངོ་།། དེ་ལ་ཤེས་པ་དང་མཐོང་བ་ནི་རྟོགས་པ་དང་། ཡང་དག་པར་རྟོག
294b4 པ་དང་། ཉེ་བར་རྟོགས་པ་དང་། བསྟེན་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མང་དུ་ཤེས་པ་དང་། ཡིད་གཞུངས་པ་དང་། བློ་དང་། མཁས་པ་དང་། ཤེས་རབ་དང་། སྤྱོད་པ་དང་།
294b5 ལྕུག་མཐོང་གང་ཡིན་པ་སྟེ། དེ་ལྟར་ན་སྣང་བར་གྱུར་པ་འམ། མི་སྣང་བར་གྱུར་པ་ཤེས་པ་དང་མཐོང་བས་ཉམས་སུ་མྱོང་ངོ་།། དེ་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། རབས་ཆོད་པ་ལས་ལུས
294b6 མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་དེ། ཇི་ལྟར་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། རབས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར
294b7 ན་ནམ་མཁའ་ལ་བྱ་བ་བཞིན་ཞེ་ན། སྨྲས་པ། ནམ་མཁའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན། རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། རབས་ཆོད་པ་ལ་ལུས་མི་ཐོགས




iiif viewer powered by OpenSeadragon

294a - 295a

Texts on this page

S316 - rgyu gdags pa