| | e-texts navigator
|
294a1 མངོན་པར་བརྩམས་པ་དེ་དག་གི་སྒོ་ནས་དེ་ལྟར་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ།། དེ་མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ་ཞེས་གསུངས་པ་དེ། ཇི་ལྟར་ན་མང་པོར་གྱུར་ནས
294a2 གཅིག་ཏུ་འགྱུར་ཞེ་ན། སྨྲས་པ། འདི་ན་དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས། གླང་པོ་ཆེའི་ལུས་དང་། རྟའི་ལུས་དང་། ཤིང་རྟའི་ལུས་དང་།
294a3 དཔུང་བུ་ཆུང་གི་ལུས་དང་། ཁྱུ་མཆོག་གི་ལུས་དང་། བྱའི་ལུས་དང་། ཤིང་གི་ལུས་དང་། རྩིག་པའི་ལུས་རྣམས་ཀྱི་ཕྱི་རོལ་དུ་མངོན་པར་བསྒྲུབས་ཤིང་མངོན་པར་སྤྱད་དེ། མངོན་པར་བརྩམས
294a4 པའི་སྦྱོར་བ་དེ་དག་དེ་བཏང་སྟེ། མཚན་མ་རྣམས་ཀྱང་མི་སྣང་བར་བྱས་ནས། སྦྱོར་བ་རྣམས་བཏང་ཞིང་། མཚན་མ་རྣམས་མི་སྣང་བར་བྱས་པ་དེ་ལྟ་བུ་མང་པོར་གྱུར་ནས་གཅིག་ཏུ་འགྱུར་ཞེས་བྱའོ།།
294a5 དེས་སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཤེས་པ་དང་མཐོང་བར་ཉམས་སུ་མྱོང་ངོ་ཞེས་གསུངས་པ་དེ་ཇི་ལྟར་ན། སྣང་བ་ལས་མི་སྣང་བར་འགྱུར་ཞེ་ན། སྨྲས་པ། དེ་སེམས་ཅན་དེ་དག་ལ་སྣང
294a6 བཞིན་དུ་འདུག་པ་ལས། འདི་སྙམ་དུ་སེམས་ཏེ། ཅི་ནས་བདག་མི་ཤེས་པར་བྱའོ།། ཅི་ནས་བདག་མི་མཐོང་བར་བྱའོ་སྙམ་ཏེ། དེ་དེར་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས
294a7 ཆོད་པར་མོས་པར་བྱེད་དེ། དེ་ལྟར་ན་སྣང་བཞིན་དུ་འདུག་པ་ལས་མི་སྣང་བར་འགྱུར་རོ།། ཇི་ལྟར་ན་མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་ཞེ་ན། སྨྲས་པ། དེ་སེམས་ཅན་དེ་དག་ལ་མི་སྣང་ཞིང
iiif viewer powered by OpenSeadragon
293b - 294b