| | e-texts navigator
|
288b1 བཅོམ་ལྡན་འདས་དང་ཉན་ཐོས་དང་། ། བཞི་ཚན་རྣམ་པ་གཉིས་པོ་དང་།། ཟོས་དང་མེད་འགྱུར་དུད་པ་དང་།། འབར་བ་དང་ནི་ཚིག་དང་ནོར།། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ
288b2 པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྤྲུལ་པ་ནི་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བ་དེའི་ཚེ་སྤྲུལ་པ་མི་སྨྲ་བར་འགྱུར་ཞིང་།།
288b3 གང་གི་ཚེ་སྤྲུལ་པ་སྨྲ་བ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་མི་གསུང་བར་འགྱུར་ལ། ཉན་ཐོས་ཀྱིས་སྤྲུལ་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྲ་དང་ཁ་སྤུ་ཁེགས་པ། གོས་ངུར
288b4 སྨིག་བགོས་པའི་སྤྲུལ་པ་ནི། གང་གི་ཚེ་ཉན་ཐོས་སྨྲ་བ་དེའི་ཚེ་སྤྲུལ་པའང་སྨྲ་ཞིང་། གང་གི་ཚེ་ཉན་ཐོས་མི་སྨྲ་བ་དེའི་ཚེ་སྤྲུལ་པའང་མི་སྨྲ་བར་འགྱུར་ཞེ་ན། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ནི
288b5 སེམས་དང་ཏིང་ངེ་འཛིན་ལ་མངའ་བརྙེས་པ་ཡིན་པས་ན། དེ་ནི་མྱུར་བར་སྙོམས་པར་འཇུག་ཅིང་བཞེངས་ཏེ། དམིགས་པའང་མི་གཏོད་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རེ།། གཞན་ཡང
288b6 སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། ཡེ་ཤེས་དང་། དབང་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས
288b7 སྤྲུལ་པ་གང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ལུས་སྤྲུལ་པ་ནི་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བ་དེའི་ཚེ། སྤྲུལ་པ
iiif viewer powered by OpenSeadragon
288a - 289a