| | e-texts navigator
|
285a1 རྣམས་ལ་ཀུན་ཆུབ་པར་བྱེད་པ་ལའང་མཁས་ལ། ཉེ་བར་བརྟགས་པ་ལའང་མང་དུ་བྱེད་དེ། རྒྱུ་དེས་ན་ལྡོ་བསྐྱེན་པ་དང་ཡང་ལྡན་ལ། བློ་དང་ཡང་ལྡན་ནོ།། ཅིའི་ཕྱིར་འཛིན་པ
285a2 དང་མི་ལྡན་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། སྐྱེ་མཆེད་ཀྱི་རྟེན་གྱི་ཆོས་རྣམས་ལ་མཚན་མ་ལེགས་པར་མ་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་མི་ལྡན་ནོ།། ཅིའི་ཕྱིར་འཛིན་པ་དང་ལྡན་ཞེ་ན། སྨྲས
285a3 པ། དེས་འདི་ལྟ་སྟེ། སྐྱེ་མཆེད་ཀྱི་རྟེན་གྱི་ཆོས་རྣམས་ལ་མཚན་མ་ལེགས་པར་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་ལྡན་ནོ།། ཅིའི་ཕྱིར་བརྗེད་ངས་པ་དང་ལྡན་ཞེ་ན། སྨྲས་པ། སེམས་ཅན
285a4 གང་དག་མི་དགེ་བའི་ཆོས་ཡང་དག་པར་བླངས་ཏེ་འདུག་ནས། ཉེས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས
285a5 ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་འདིར་སྐྱེ་བར་གྱུར་ན། དེ་དག་འདིར་ཚེ་ཐུང་བ་འཛིན་པར་འགྱུར་ཏེ། དེ་དག་ཡང་དང་ཡང་དུ
285a6 འཆི་འཕོ་བར་འགྱུར་ལ། ཕྱིར་སྐྱེ་བར་མི་འགྱུར་བས། དེ་དག་གིས་དེར་དྲན་པ་ལ་བྱང་བར་མི་འགྱུར་ཏེ། རྒྱུ་དེས་ན་བརྗེད་ངས་པ་དང་ལྡན་ནོ།། ཅིའི་ཕྱིར་དྲན་པ་དང་ལྡན་པར་འགྱུར་ཞེ་ན། སྨྲས་པ། སེམས
285a7 ཅན་གང་དག་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་ཏེ་འདུག་པ་ནས། དེ་དག་ལེགས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི
iiif viewer powered by OpenSeadragon
284b - 285b