| | e-texts navigator
|
284a1 འགྱུར་རོ། ། ཅིའི་ཕྱིར་ཡིད་རྟུལ་པོར་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་ཉུང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་མང་བ་ཀུན་ཏུ་མ
284a2 བསྟེན་ཅིང་མ་བསྒོམས་པ་དང་། འཇིག་རྟེན་ན་བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་རྒྱས་པར་མ་བསླབས་ཤིང་ཁ་ཏོན་དུ་མ་བྱས་ཏེ། རྒྱུ་དེས་ན་ཡིད་རྟུལ་པོར་འགྱུར་རོ།། ཅིའི
284a3 ཕྱིར་ཡིད་རྟུལ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་མང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་ཉུང་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ
284a4 མང་དུ་མ་བྱས་པའི་ཕྱིར་རོ། ། གཞན་ཡང་འཇིག་རྟེན་ན་བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་དེས་རྒྱས་པར་བསླབས་ཤིང་ཁ་ཏོན་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་བྲམ་ཟེ
284a5 འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་པ་འམ། དགེ་སློང་ཁ་ཏོན་འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་པ་སྟེ། རྒྱུ་དེས་ན་ཡིད་རྟུལ་བར་མི་འགྱུར་རོ།། གཞན་ཡང་སྨྲ་བ་ཉུང་བ
284a6 རྣམ་པ་གཉིས་ཏེ། ངན་པ་དང་། ཁྱད་པར་དུ་འཕགས་པའོ།། སྨྲ་བ་ཉུང་བ་ངན་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ།།
284a7 སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ། བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་ལྟ་བུ་གང་ཡང་རུང་བ་ལམ་བསྟེན
iiif viewer powered by OpenSeadragon
283b - 284b