e-texts navigator
Collection
Volume
Page
Wylie

281b1 མིའུ་དམར་ཏེ། དེ་ལ་ནི་མཚན་མོ་མི་གནོད་ལ། ཉིན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི་ཕྱིར་མི་རྣམས་ཉིན་མོ་མཐོང་ལ། མཚན་མོ་མི་མཐོང་ཞེ་ན
281b2 སྨྲས་པ། མི་རྣམས་ཀྱི་མིག་གི་མིའུ་གནག་སྟེ། དེ་ལ་ནི་ཉིན་མོ་མི་གནོད་ལ། མཚན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི་ཕྱིར་རྟ་དང་ཁྱི་རྣམས
281b3 མཚན་མོའང་མཐོང་ལ། ཉིན་མོའང་མཐོང་ཞེ་ན། སྨྲས་པ། རྟ་དང་ཁྱི་རྣམས་ཀྱི་མིག་གི་མིའུ་སེར་སྨུག་ཏུ་འདུག་སྟེ། དེ་ལ་ནི་ཉིན་མོའང་མི་གནོད། མཚན་མོའང་མི་གནོད་དེ། རྒྱུ
281b4 དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི་ཕྱིར་ཉ་རྣམས་ཆུའི་ནང་ན་མཐོང་ལ། སྐམ་ལ་མི་མཐོང་ཞེ་ན། སྨྲས་པ། ཉ་རྣམས་ཀྱི་མིག་གི་མིའུ་ཚལ་ལས་གྲུབ་པ་ཡིན་ཏེ།
281b5 དེ་ལ་ནི་ཆུ་མི་གནོད་ལ། སྐམས་གནོད་ངོ་།། རྒྱུ་དེས་ན་ཉ་རྣམས་ཆུའི་ནང་ན་མཐོང་ལ། སྐམ་སར་མི་མཐོང་ངོ་།། ཅིའི་ཕྱིར་མི་རྣམས་ཀྱི་མིག་ལ་སྐམས་མི་གནོད་ལ། ཆུ་གནོད་ཅེ་ན། སྨྲས་པ
281b6 མི་རྣམས་ཀྱི་མིག་གི་མིའུ་ཆུ་བུར་ཡིན་པས། སྐམས་མི་གནོད་ལ། ཆུ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི་ཕྱིར་རུས་སྦལ་དང་། སྦལ་པ་དང་། སྦལ་པ
281b7 དཀར་པོ་དང་། སྲོག་ཆགས་བུ་ལུ་ཀ་ལ་སོགས་པ་ཆུའི་ནང་ནའང་མཐོང་ལ། སྐམས་ནའང་མཐོང་ཞེ་ན། སྨྲས་པ། རུས་སྦལ་དང་། སྦལ་པ་དང་། སྦལ་པ་དཀར་པོ་དང་། སྲོག




iiif viewer powered by OpenSeadragon

281a - 282a

Texts on this page

S316 - rgyu gdags pa