| | e-texts navigator
|
280b1 ལྟོ་ནས་གྱེན་དུ་ལྡང་ངོ་། ། འདོད་ཆགས་དང་བྲལ་བ་འཆི་བ་ན་ནི་ཕ་རོལ་གྱི་སྐྱེ་གནས་རྣམས་སུ་སེམས་རྗེས་སུ་མི་གཏོང་ཞིང་རྗེས་སུ་མི་འབྲང་སྟེ། རྗེས་སུ་མི་རྒྱུག་པས་ན། དེའི་མིག་རླུང་གིས་འབྱེད
280b2 པ་དང་། འཛུམས་པར་མི་འགྱུར་ལ། དེའི་ལྟེ་བའི་ཉེ་འཁོར་དུ་རླུང་འགག་པར་འགྱུར་རོ།། དེ་ལྟར་ན་རླུང་དེའི་ལྟོ་ནས་གྱེན་དུ་མི་ལྡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི
280b3 ཕྱིར་གསོན་པོའི་ལུས་ཡང་ཞིང་མཉེན་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་མི་ཡང་ཞིང་མི་མཉེན་ཞེ་ན། སྨྲས་པ། ཤི་སྟེ་ཤི་བར་གྱུར་པའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས
280b4 གཉིས་འགགས་པས་ན། དེའི་ལུས་ལྕི་ཞིང་མི་མཉེན་ནོ།། གསོན་པོའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་པས་ན། དེའི་ལུས་མཉེན་ཞིང་ཡང་སྟེ།།
280b5 རྒྱུ་དེས་ན་ཞེས་བྱ་བ་ནས། རྒྱས་པར་སྦྱར་རོ།། ཅིའི་ཕྱིར་འཚེ་ཞིང་གསོན་ཏེ་འདུག་ཅིང་སྡོད་པས་ཟོས་པ་ཞུ་བར་འགྱུར་ལ། ཤི་སྟེ་ཤི་བར་གྱུར་པའི་ཞུ་བར་མི་འགྱུར་ཞེ་ན། སྨྲས་པ། འཚེ་ཞིང
280b6 གསོན་ཏེ་འདུག་ཅིང་སྡོད་པའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་རྣམས་འགགས་ཏེ། ཆུས་ནི་དེས་ཟོས་བསྲུལ་བར་བྱེད།། མེས་ནི་ཡོངས་སུ་ཆོས
280b7 བར་བྱེད། རླུང་གིས་ནི་སློང་བར་བྱེད་པས་ན། དེས་ཟོས་པ་དེ་ཞུ་བར་འགྱུར་རོ།། ཤི་སྟེ་ཤི་བར་གྱུར་པའི་ནི་ནང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་རྣམས
iiif viewer powered by OpenSeadragon
280a - 281a