e-texts navigator
Collection
Volume
Page
Wylie

278a1 བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། གནས་མ་ཡིན་པར་འཁྲུག་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི
278a2 ཕྱིར་རོ། ། གཞན་ཡང་དེས་ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས
278a3 ཏེ་མང་དུ་མ་བྱས་པའི་ཕྱིར་རོ། ། གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་ཏུ་མ་བསྟེན་ཅིང་མ
278a4 བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ
278a5 པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམ་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང
278a6 དུ་མ་བྱས་པའི་ཕྱིར་རོ། ། གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང
278a7 སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་རོ།། ཅིའི་ཕྱིར་གཏི




iiif viewer powered by OpenSeadragon

277b - 278b

Texts on this page

S316 - rgyu gdags pa