| | e-texts navigator
|
271b1 དུ་འགྱུར་བ་དང་། ཚངས་པར་འགྱུར་བ་དང་། བདུད་དུ་འགྱུར་བ་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་ཀྱི། སྐྱེས
271b2 པ་ཁོ་ནས་བྱེད་དོ། ། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཐའ་ཡས་པ་དང་། ཤེས་རབ་མཐའ་ཡས་པ་དང་། སྤོབས་པ་མཐའ་ཡས་པ་དང་ལྡན་ཞེ་ན། སྨྲས་པ།
271b3 བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ
271b4 དང་། བསྒོམས་པའི་ཤེས་རབ་ཀྱི་ཤས་ཆེར་འབད་པ་དྲག་པོ་བྱས་ཏེ། རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་མཐའ་ཡས་པ་དང་། ཤེས་རབ་མཐའ་ཡས་པ་དང་།
271b5 སྤོབས་པ་མཐའ་ཡས་པ་དང་ལྡན་ནོ།། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་གསུང་གིས་གོ་བར་མཛད་ཅེ་ན། སྨྲས་པ། བཅོམ
271b6 ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོ་མ་ལོན་པར་ཚངས་པའི་འཇིག་རྟེན་དུ་བཞུགས་ཏེ། ཉེ་བ་དང་ཀུན་ཏུ་ཉེ་བར་མོས་ནས། ཚིགས་སུ་བཅད་པ་བཀའ་སྩལ་པ། བརྩམ
271b7 བྱོས་མངོན་པར་འབྱུང་བར་གྱིས། སངས་རྒྱས་བསྟན་ལ་བརྩོན་པར་བྱོས།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་གྱིས།། གང་ཞིག་རབ་ཏུ་བག་ཡོད་པར།། ཆོས
iiif viewer powered by OpenSeadragon
271a - 272a