e-texts navigator
Collection
Volume
Page
Wylie

270a1 རྟེན་མུན་ནག་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པའི་ནང་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་དེ་ལྟར
270a2 སེམས་བསྐྱེད་ནས། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ། གསོ་སྦྱོང་བླངས་ནས། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པས། དེ་ལས་དེ་དང་ཡང་དག་པར་བླངས་པ་དེ
270a3 ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུ་དང་། སྨོན་ལམ་དེས་སྲིད་པ་ཐ་མར་དེ་ཉིད་དེའི་རྒྱུར་འགྱུར་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། རྒྱུ་དེས་ན་སྐྱེས་བུ་ཆེན་པོའི་མཚན་དང་ལྡན
270a4 པ་གཉིས་ཡོད་པ་ལས་གཅིག་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བར་འགྱུར་ལ། གཅིག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།།
270a5 ཅིའི་ཕྱིར་སངས་རྒྱས་རྣམས་དང་། རང་སངས་རྒྱས་རྣམས་དུས་སྐབས་གཅིག་ཏུ་མི་འབྱུང་ཞེ་ན། སྨྲས་པ། ཚེ་དང་ལྡན་པ་དེ་དག་གིས་ཡུན་རིང་པོ་ནས་དབང་ཆེ་བར་གྲགས་པར་འགྱུར་བའི
270a6 ལས་འབྲས་བུ་ཡོད་པ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པར་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར་ཏེ། གལ་ཏེ་དེ་དག་ཕྲད་པར་གྱུར་ན་ནི། དེ་ལྟ་ན་དེ་དག་ཀྱང་དོན་མེད་པར་འགྱུར།
270a7 ལ། གཞན་ཡང་ཚེ་དང་ལྡན་པ་དེ་དག་ནི་སུ་ལའང་མི་འདུད་ལ། ཚེ་དང་ལྡན་པ་དེ་དག་ལ་ནི་གོང་དུ་བྱ་བ་ཅིའང་མེད་དེ། གང་གི་དོན་དུ་ཚེ་དང་ལྡན་པ་དེ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན




iiif viewer powered by OpenSeadragon

269b - 270b

Texts on this page

S316 - rgyu gdags pa