| | e-texts navigator
|
265b1 ཉོན་མོངས་པ་ཤས་ཆུང་བ་རྣམས་དང་། ཉོན་མོངས་པ་ཤས་ཆུང་བའི་རང་བཞིན་རྣམས་ཡོད་དེ། དེ་དག་གིས་དམ་པའི་ཆོས་མ་ཐོས་ན་ཡོངས་སུ
265b2 ཉམས་པར་འགྱུར་བར་མཐོང་ངོ་། ། མཐོང་ནས་ཀྱང་ཀུན་དགའ་བོ་ངས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དེ་དག་ལ་ཆོས་སྟོན་ཏོ།། ཀུན་དགའ་བོ་ང་འདི་སྙམ་དུ་སེམས་ཏེ། གང་བ
265b3 སྐྱེ་དགུ་རྙོག་པའི་ནང་ན་འཁོད་པའི་ནང་ནས་རྙོག་པ་མེད་པའི་སེམས་ཀྱིས་ཤས་ཆེར་གནས་པའི་ནི་ངེས་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། ། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ
265b4 ལས་ཚོགས་བཞི་པའོ། ། ། སྡོམ་ནི། སྲས་དང་རིགས་དམའ་དབུལ་པོ་དང་། མཐའ་འཁོབ་དང་ནི་སྔ་རོལ་དང་། བཅུ་པ་དང་ནི་བ་ལང་སྤྱོད།། ཤར་བྱང་བདག་གིར་མི་འཛིན
265b5 དང་། ། འདོད་དང་གཟུགས་དང་ངེས་པ་དང་།། དགྲ་བཅོམ་བདེ་གཤེགས་བཞེངས་པ་དང་།། ཆོས་གོས་གཉིས་ནི་འཚིག་མི་འགྱུར།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་ཅན་ཐམས་ཅད
265b6 ལས་ཁྱད་པར་དུ་འཕགས་པར་གྱུར་ན། སྲས་མ་བསྐྱེད་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་བར་མ་གྱུར་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོ་ནས
265b7 སྲས་མངའ་བར་འགྱུར་བའི་ལས་འབྲས་བུ་ཡོང་བ་དེ་དག་བྱས་ཤིང་བསགས་ཏེ། རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་པའི་ཕྱིར་རོ།། གཞན་ཡང་སྲས་མ་བསྐྱེད་པས་དད་པས
iiif viewer powered by OpenSeadragon
265a - 266a