| | e-texts navigator
|
257a1 གིས་གཅིག་མཐོང་ནས་ཤེས་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་འཛེར་ཏོ།། གཞན
257a2 ཡང་། གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས། ཤེས་རབ་ཀྱི་སྣང་བ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་ཕྱིར་ཏེ། འདི་ནི་དེའི་སྔ
257a3 ལྟས་ཡིན་ནོ། ། ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ལྷའི་བུ་བཞི་བྱང་ཆུབ་སེམས་དཔའི་ཡུམ
257a4 གྱི་ཕྱོགས་བཞིན་འཁོད་དེ། ཆོས་དང་ལྡན་པར་སྲུང་བ་དང་། སྐྱབ་པ་དང་། སྦ་བར་བྱེད་ཅེ་ན། སྨྲས་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡུན་རིང་པོ་ནས་འདི་ལྟ་བུར་ཡིད་སྨོན་བྱེད་པར
257a5 འགྱུར་ཏེ། ཀྱེ་མ་འཇིག་རྟེན་ལོང་བ་འདྲེན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་ན་ཅི་མ་རུང་སྙམ་སྟེ།
257a6 དོན་དེའི་དབང་ལ་བརྟེན་ནས། ལྷ་དེ་རྣམས་བྱང་ཆུབ་སེམས་དཔའི་ཡུམ་གྱི་ཕྱོགས་བཞིར་འཁོད་དོ།། ཆོས་དང་ལྡན་པར་སྲུང་བ་དང་། སྐྱབ་པ་དང་། སྦེད་པར་བྱེད་དོ།། ཅིའི་ཕྱིར་བྱང་ཆུབ་སེམས
257a7 དཔའ་ཡུམ་གྱི་ལྷུམས་ན་སྦུབས་ཀྱི་ནང་དུ་ཞུགས་ཏེ། མངལ་གྱི་དྲི་མས་ཀྱང་མ་གོས། ཁྲག་གི་དྲི་མས་ཀྱང་མགོས། མི་གཙང་བ་དང་མི་གཙང་བ་ལས་གྱུར་པ་ཅི་ཡང་རུང་བ་གང་གིས་ཀྱང་མ
iiif viewer powered by OpenSeadragon
256b - 257b