| | e-texts navigator
|
255b1 བོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཉོན་མོངས་པའི་དགྲའི་དཔུང་འཇོམས་པ་རྣམས་མངའ་འོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ཇི་ལྟར་འཁོར་ལོ
255b2 སྒྱུསྦྱར་བའི་བུ། ། ཆོས་དང་ལྡན་ཞིང་བདེན་པས་སྤྲུལ།། དཔའ་ཞིང་ཡན་ལག་མཆོག་གཟུགས་ལྡན།། ཕ་རོལ་སྡེ་ནི་རབ་ཏུ་འཇོམས།། དེ་བཞིན་བཅོམ་ལྡན་འདས་ཀྱི་སྲས།། ཞུགས་དང་འབྲས
255b3 བུ་གནས་པ་སྟེ། ། དཔའ་བོ་ཟུང་ནི་བཞི་གྱུར་ཅིང་།། སྐྱེས་བུ་གང་ཟག་བརྒྱད་པོ་ཡིན།། ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་གསུམ་པའོ།། །
255b4 རྒྱུ་གདགས་པ་བམ་པོ་བཞི་པ།། སྡོམ་ནི། འོང་བ་རྣམ་པ་གཉིས་པོ་དང་།། སྲུང་དང་སྦུབས་དང་བག་ཡང་ས་དང་།། འདོད་པའི་ཡོན་ཏན་བརྟུལ་ཞུགས་བདེ།། གཡོས
255b5 དང་འོད་དང་མི་འདུག་དང་། ། རི་དགས་ལྤགས་པ་གོམ་པ་བདུན།། ཕྱོགས་དང་སྨྲ་དང་ཀླུ་གཉིས་དང་།། ལྷ་གཉིས་དང་ནི་ཞག་བདུན་དང་།། འཇུག་པ་དང་ནི་ཀུན་དགའ་བོ།། ཕྱོགས་བཞི་དག་ནི་བསྲུང
255b6 བ་དང་། ། ཨུཏྤལ་རོལ་མོའི་སྒྲ་སྣ་ཚོགས།། གཟིགས་མ་ལ་གཉིས་དང་སྒོ་དག་དང་།། དེས་པ་དང་ནི་རྒྱན་རྣམས་དང་།། ངུར་སྨྲིག་རྩ་དང་མི་བཞིག་དང་།། མངོན་པར་ཤེས་དང་སྙིང་བརྩེའི་སེམས།།
255b7 ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ས་ཆེར་གཡོ་ཞིང་ས་ཤིན་ཏུ་ཆེར་གཡོ་བར་འགྱུར་ཞེ་ན། སྨྲས་པ།
iiif viewer powered by OpenSeadragon
255a - 256a