e-texts navigator
Collection
Volume
Page
Wylie

254b1 བཅོམ་ལྡན་འདས་ལ་ན་བཟའ་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ།། ཇི་ལྟར་འཁོར་ལོ་སྒྱུར་བ་ཡི།། ཚོང་དཔོན་ཕྱུག་ཅིང
254b2 ནོར་ཆེ་བའི། ། གོའུ་ཏ་མ་ནི་གྲགས་ལྡན་གྱི།། རིགས་བཞི་རྣམས་ཀྱང་དེ་དང་འདྲ།། འཁོར་ལོ་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
254b3 པའི་སངས་རྒྱས་ཀྱི་ཤེས་རབ་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། ཤེས་རབ་ཀྱིས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་སོ།། ཇི་ལྟར་བློན
254b4 པོ་རྟོགས་བྱེད་ཅིང་། ། དོན་ཀྱང་སེམས་པར་བྱེད་པ་ལྟར།། སངས་རྒྱས་བཅོམ་ལྡན་ཤེས་རབ་ཀྱིས།། བདུད་ཀྱི་འཆིང་བ་གཅོད་པར་མཛད།། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཇི་ལྟར་ཚེ་རིང་ཞིང་ཡུན་རིང་དུ་གནས
254b5 བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྐུ་ཚེ་རིང་ཞིང་ཡུན་རིང་དུ་བཞུགས་ཏེ། བཅོམ་ལྡན་འདས་བཞེད་ན་བསྐལ་པ་འམ། བསྐལ་པ་ལས
254b6 ལྷག་པར་ཡང་བཞུགས་སོ། ། རྒྱལ་པོ་ཆོས་དང་ལྡན་པའི་མཆོག། ཇི་ལྟར་ཚེ་ནི་རིང་བ་ལྟར།། དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང་།། བསྐལ་པ་ཚང་བའི་བར་དུ་བཞུགས།། འཁོར་ལོ་སྒྱུར་བའི
254b7 རྒྱལ་པོ་ཇི་ལྟར་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན




iiif viewer powered by OpenSeadragon

254a - 255a

Texts on this page

S316 - rgyu gdags pa