e-texts navigator
Collection
Volume
Page
Wylie

251b1 གཞན་ཡང་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ
251b2 ཡོད་པ་རྣམས་དང་། བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཟང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ངོ་།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ།
251b3 དེ་ལ་འདི་སྐད་ཅེས་བྱའོ།། སྔོན་གྱི་ཚེ་རབས་རྣམས་སུ་དད་པས་རང་གི་ལག་པ་ནས།། ཟས་སྐོམ་གོས་དང་སྤོས་དང་མེ་ཏོག་འཕྲེང་དང་བྱུག་པ་བྱིན།། སྣང་བ་རྣམས་དང་གསལ་བ་རྣམས་དང
251b4 སྒྲོན་དང་འབར་བར་བྱས། ། དེས་ན་འཁོར་ལོ་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་ཕྱུག་པ་དང་། ནོར་མང་གྲོགས་དང་ལྡན་ཞིང་ལྷ་ཡི་མིག་དང་ལྡན་པར་གྱུར།། ཅིའི་ཕྱིར་འཁོར་ལོ་སྒྱུར་བའི
251b5 རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོ་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྔར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་།
251b6 གཞན་དགེ་སྦྱོང་དང། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། མུན་པ་སྣང་བ་མེད་པ། མུན་ནག་མར་མེ་མེད་པར་མར་མེའི་འབྲུ
251b7 མར་དང་། མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱེད་ནས། མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན




iiif viewer powered by OpenSeadragon

251a - 252a

Texts on this page

S316 - rgyu gdags pa