e-texts navigator
Collection
Volume
Page
Wylie

244a1 གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་སྟེ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱའོ།། རྟ་དེ་འཁོར་ལོ་སྒྱུར་བའི་རྒྱལ་པོས་མཐོང་ནས་སེམས་དགའ་སྟེ། རྟ་རིན་པོ་ཆེ་འདི
244a2 ནི་བཟང་སྟེ། ལན་ཅིག་གིས་དུལ་བར་འགྱུར་རོ་སྙམ་མོ།། དེ་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོས་རྟ་འདུལ་སྦྱོང་མཁན་ལེགས་འགྲོ་ཕོ་ཉས་བཀུག་ནས། རྟའི་འདུལ་སྦྱོང་མཁན་ལེགས་འགྲེལ་བསྒོ
244a3 བ། ལེགས་འགྲོ་ཤེས་པར་གྱིས་ཤིག། རྟ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་འོན་ཅིག། དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས། ལྷ་བཀའ་བཞིན་འཚལ་ཞེས་བྱ་བ
244a4 ནས། འཁོར་ལོ་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་མཉན་ཏེ། རྟ་རིན་པོ་ཆེའི་བརྡ་རྣམས་སློབ་ཏུ་བཅུག་ནས། ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་རྟ་རྣམ་ལོ
244a5 བརྒྱ་ཕྲག་དུ་མས་བརྡ་རྣམས་ལོངས་པ་དེ་བཞིན་དུ་རྟ་རིན་པོ་ཆེས་ཉི་མ་གཅིག་གིས་བརྡ་མས་ཅད་ལོབས་སོ། ། དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས་རྟ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས
244a6 འཁོར་ལོ་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ལྷ་མཁྱེན་པར་མཛད་དུ་གསོལ། ལྷའི་རྟ་རིན་པོ་ཆེ་བདག་གིས་བཏུལ་ལག
244a7 ཀྱིས། ལྷས་གང་གི་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཁྱེན་པར་མཛད་པར་གསོལ། དེ་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེས་དེ་སད་པར་འདོད་དེ་ཞེས་བྱ་བ་ནས། རྒྱས་པར་སྦྱར




iiif viewer powered by OpenSeadragon

243b - 244b

Texts on this page

S316 - rgyu gdags pa