e-texts navigator
Collection
Volume
Page
Wylie

238b1 འདེབས་སོ། ། ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་འཁོར་ལོ་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ། གླང་པོའི་ཚོགས
238b2 དང་། རྟའི་ཚོགས་དང་། ཤིང་རྟའི་ཚེགས་དང་། དཔུང་བུ་ཆུང་གི་ཚོགས་གོ་ཆ་བགོས་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོ་སྒྱུར་བའི་རྒྱལ
238b3 པོ་དང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པར་བྱེད་ཀྱི། མཚོན་གཟོ་བར་ནི་མ་བྱེད་དོ།། དེ་དག་དང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པས
238b4 བྱེད་བྲག་ཕྱེ་ནས། དེའི་འོག་ཏུ་ཆད་པ་མེད་ཅིང་། མཚོན་གྱིས་བདའ་བ་མེད་ལ། ཆོས་དང་འཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ།། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར
238b5 ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས། རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས
238b6 ཏེ། གདན་ཚིམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ།། དེ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེས་ནི་སྔོན
238b7 གྱི་སྲིད་པ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག




iiif viewer powered by OpenSeadragon

238a - 239a

Texts on this page

S316 - rgyu gdags pa