| | e-texts navigator
|
236b1 རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོ་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི
236b2 རྒྱལ་པོ་གང་ལ། གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚིགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལེ
236b3 རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་དངུལ་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ། འཁོར་ལོ་སྒྱུར
236b4 བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ།། དེ་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ
236b5 གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས
236b6 ཤར་ཕྱོགས་ལོགས་སུ་ཕུལ་ནས། འདི་སྐད་དུ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོ་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག། ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས
236b7 པ་འཁོར་ལོ་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག། རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོ་སྒྱུར་བའི་ལམ་གང་ཡིན་པར
iiif viewer powered by OpenSeadragon
236a - 237a